སུད་སི་དང། ལིག་ཏེན་སིཊཡན་བོད་སློབ་ཀྱི་སློབ་ཕྲུག་ཚོའི་བོད་ཀྱི་སྐད་རིག་འགྲན་བསྡུར་ཐེངས་གསུམ་པ་གོ་སྒྲིག་གཟབ་རྒྱས་གནང་པ།

༄༅། ༢༠༡༦ ཟླ་ ༡ ཚེས་ ༢༣ རེས་གཟའ་སྤེན་པའི་ཉིན་ས་གནས་འཛུ་རིག་ལཱཡེམ་བྷག་སློབ་གྲྭའི་ཚོགས་ཁང་དུ་སུད་སི་དང། ལིཀ་ཏེན་སིཊཡན་བོད་སློབ་ཀྱི་སློབ་ཕྲུག་ཚོའི་བོད་ཀྱི་སྐད་རིག་འགྲན་བསྡུར་ཐེངས་གསུམ་པ་དེ་གཟབ་རྒྱས་ངང་འཚོགས་པ།

དེ་ཡང་སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ས་གནས་བོད་སློབ། སྦེན་བོད་སློབ། ཕ་ལཱ་ཝིལ་དང་ཨུཛ་ཝིལ་བོད་སློབ། མུན་ཁུ་ཝི་ལན་དང་ཝིལ་བོད་སློབ། རི་ཀོན་བོད་སློབ། ཕཱོལ་ཁེཊ་སི་ཝིལ་བོད་སློབ། ཊོར་གྷེན་དང་སེན་ཊི་གཱ་ལན་བོད་སློབ། བཅས་ས་གནས་བོད་སློབ་ཁག་དྲུག་ཐུན་མོང་གིས་གོ་སྒྲིག་འོག་བོད་སློབ་ཁག་ ༡༦ ཡོད་ཁོངས་ནས་ས་གནས་གྷེ་ལཱ་རུ་སེ་དང། འཛུ་རིག་གཉིས་མ་གཏོགས་གཞན་པ་བོད་སློབ་ཁག་ ༡༤ ནས་སློབ་མ་གྲངས་ ༡༩༥ མཉམ་ཞུགས་གནང་ཐུབ་པ་བྱུང་འདུག དེ་བཞིན་འགན་འཛིན་རྣམ་པ་དང། དགེ་རྒན་རྣམ་པ། སློབ་ཕྲུག་གི་ཕ་མ་རྣམ་པ་བཅས་མཉམ་ཞུགས་དང་གཞན་ཡང་བོད་རིགས་རྒན་གཞོན་མང་དག་བཅས་མི་གྲངས་ ༤༣༠ བརྒལ་བ་ལྷན་འཛོམས་བྱུང་ཡོད་འདུག

སྐུ་མགྲོན་གཙོ་བོ་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག སྐུ་ཚབ་དོན་གཅོད་མཆོག མི་མང་ཚོགས་གཙོ་མཆོག བོད་སློབ་སྤྱི་ཁྱབ་འགན་འཛིན་འཆི་མེད་རྡོ་རྗེ་ལགས་བཅས་ཕེབས།

ཐོག་མར་སྔ་དྲོ་ཕྱག་ཚོད་ ༡༠།༣༠ ཐོག་རི་ཀོན་ས་གནས་བོད་སློབ་ཀྱི་དགེ་རྒན་ཟམ་མདོ་བྱམས་པ་ཚེ་རིང་ལགས་ནས་མཛད་རིམ་སྙན་སྒྲོན་གནང་པ་དང་ཆབས་ཅིགབོད་མི་ས་ཡ་དྲུག་གི་དབུ་ཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་ཚོགས་ཁང་ནང་གདན་ཞུའི་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་མཚམས་རྒྱལ་གཅེས་ལྷག་བསམ་གྱི་ཕྱུག་པའི་བོད་རིགས་དཔའ་བོ་དཔའ་མོ་ལ་གདུང་སེམས་སྐྱེད་ཀྱི་གུས་འདུད་ངག་བཅད་མྱ་ངན་སྐར་མ་གཅིག་ཞུས།

༡། སློབ་མ་རྒན་གཞོན་གཉིས་ཀྱི་རི་མོ་དང། ཡིག་གཟུགས་འགྲན་བསྡུར་འགོ་འཛུགས་གནང་བའི་དོན་འབྲས་གཤམ་གསལ།

སློབ་མ་རྒན་པའི་རི་མོ་འགྲན་བསྡུར།
ཨང། ༡ བསྟན་འཛིན་ཆོས་འཛིན། ལོ་ ༡༦ ས་གནས་ཨར་གྷའོ།
ཨང། ༢ ཚེ་དབང་ལྷ་མོ། ལོ་ ༡༤ ས་གནས་སོ་ལོ་ཐུན།
ཨང། ༣ དཔལ་སྒྲོན། ལོ་ ༡༢ ས་གནས་སྦེན།

སློབ་མ་རྒན་པའི་དབུ་ཆེན་ཡིག་གཟུགས་འགྲན་བསྡུར། 
ཨང། ༡ ངག་དབང་ཆོས་སྐྱིད། ལོ་ ༡༥ ས་གནས་སོ་ལོ་ཐུན།
ཨང། ༢ བསྟན་འཛིན་ཆོས་འཛིན། ལོ་ - ས་གནས་ཨར་གྷའོ།
ཨང། ༣ ཟླ་བ་ལྷ་མོ། ལོ་ ༡༦ ས་གནས་སོ་ལོ་ཐུན།

སློབ་མ་རྒན་པའི་དབུ་མེད་ཡིག་གཟུགས་འགྲན་བསྡུར།
ཨང། ༡ བསྟན་འཛིན་དབྱངས་སྒྲོལ། ལོ་ ༡༤ ས་གནས་ཡོ་ན།
ཨང། ༢ བསྟན་འཛིན་བཤད་གྲུབ། ལོ་ ༡༣ ས་གནས་སྦེན།
ཨང། ༣ ཚེ་དབང་ལྷ་མོ། ལོ་ ༡༢ ས་གནས་མིང་མེད།

སློབ་མ་གཞོན་པའི་རི་མོ་འགྲན་བསྡུར།
ཨང། ༡ བསྟན་པ། ལོ་ ༡༠ ས་གནས་བྷ་སལ།
ཨང། ༢ བཟང་མོ། ལོ་ ༩ ས་གནས་སོ་ལོ་ཐུན།
ཨང། ༣ བསྟན་འཛིན་མཁའ་འགྲོ། ལོ་ ༧ ས་གནས་ཨར་གྷའོ།

སློབ་མ་གཞོན་པའི་དབུ་ཆེན་ཡིག་གཟུགས་འགྲན་བསྡུར།
ཨང། ༡ བསྟན་འཛིན་ལྷ་མོ། ལོ་ ༨ ས་གནས་ཐུན།
ཨང། ༢ ཉི་མ་ལྷ་མོ་དགའ་རྟ་་ཚང། ལོ་ ༨ ས་གནས་སྦེན།
ཨང། ༣ ཚེ་བརྟན། ལོ་ ༡༠ ས་གནས་ཕཱོལ་ཁེཊ་སི་ཝིལ།

སློབ་མ་གཞོན་པའི་དབུ་མེད་ཡིག་གཟུགས་འགྲན་བསྡུར།
ཨང། ༡ བསྟན་འཛིན་སྒྲོལ་མ། ལོ་ ༡༠ ས་གནས་རི་ཀོན།
ཨང། ༢ བསྟན་འཛིན་བྱམས་པ། ལོ་ ༩ ས་གནས་སྦེན།
ཨང། ༣ འབྱོར་ལྡན། ལོ་ -- ས་གནས་ཡོ་ན།

ཉིན་དགུང་གསོལ་ཚིགས་བར་སེང་གྲུབ་མཚམས་བོད་སློབ་ཀྱི་བོད་ཀྱི་སྐད་རིག་འགྲན་བསྡུར་ཐེངས་གསུམ་པའི་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་རྒན་ཕུན་ཚོགས་ཁང་བསྟན་འཛིན་ལགས་དང། སྤྱི་ཁྱབ་འགན་འཛིན་འཆི་མེད་རྡོ་རྗེ་ལགས་གཉིས་ནས་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང། སློབ་མ་རྒན་གཞོན་གཉིས་ཀ་ལ། ཊོར་གྷེན་དང་སེན་ཊི་གཱ་ལན་བོད་སློབ་ཀྱི་དགེ་རྒན་ཕུན་ཚོགས་ཁང་བསྟན་འཛིན་ལགས། ཕ་ལཱ་ཝིལ་དང་ཨུཛ་ཝིལ་བོད་སློབ་ཀྱི་དགེ་རྒན་གནས་ཚང་མཚམས་གཅོད་ལགས། སྦེན་བོད་སློབ་ཀྱི་དགེ་རྒན་དབྱངས་ཅན་ལགས། སྦེན་བོད་སློབ་ཀྱི་དགེ་རྒན་འབྱོར་ལྡན་ལགས་བཅས་ནས་འགན་འཁུར་ཐོག་ བྱམས་བརྩེ། གཞན་ཕན། ལྷག་བསམ། སྙིང་སྟོབས་ བཅས་སྡེ་ཚན་ཁག་བཞི་ལ་སློབ་མ་རྣམས་ཆ་བགོས་ཀྱིས་བོད་ཀྱི་རྒྱལ་རབས་ཆོས་འབྱུང་དང་བརྡ་སྤྲོད། རྒྱུན་ཤེས་བཅས་ཀྱི་འདྲི་རྩད། དེ་བཞིན་མིག་མཐོང་ངོས་འཛིན། མྱུར་ཚད་བཅས་ཀྱི་འདྲི་རྩད་དང་འགྲན་བསྡུར་དབུ་འཛུགས་གནང་བར་སློབ་མ་རྒན་གཞོན་ཚང་མས་ལན་འདེབས་ཧ་ཅང་ཡག་པོ་གནང།

དགོང་དྲོའི་གསོལ་ཚིགས་བར་སེང་གྲུབ་མཚམས་གཤམ་གསལ་ས་གནས་བོད་སློབ་ཁག་ནས་རིག་གཞུང་ཞབས་གཞས་དང་གཏམ་བརྗོད་བཅས་འཁྲབ་སྟོན་གནང། ལའོ་སན་བོད་སློབ་ནས་གཞས་སྣ་ ༡ ༽ ཧོར་གྷན་བོད་སློབ་ནས་གཞས་སྣ། ༢ ༽ ཨར་གྷའོ་བོད་སློབ་ནས་གཞས་སྣ། ༡ ༽ སོ་ལོ་ཐུན་བོད་སློབ་ནས་གཞས་སྣ། ༡ ༽ རི་ཀོན་བོད་སློབ་ནས་གཞས་སྣ། ༢ ༽ ཡོ་ན་ར་སྤར་སེ་ཝིལ་བོད་སློབ་ནས་གཞས་སྣ། ༡ ༽ ལུ་རྫན་བོད་སློབ་ནས་གཞས་སྣ། ༡ ༽ ཊོར་གྷེན་དང་སེན་ཊི་གཱ་ལན་བོད་སློབ་ནས་གཏམ་བརྗོད་གཅིག་བཅས་འཁྲབ་སྟོན་གནང།

སློབ་མ་རྒན་གཞོན་ཡོངས་ལ་རྒྱ་གར་ནས་ཆེད་མངགས་ཞུས་པའི་དཔེ་མཚོན་འདྲི་དེབ་རེ་དང་སྨྱུག་གུ་རེ་གསོལ་རས་གནང།

༡། དེ་རྗེས་རི་ཀོན་མཁན་རིན་པོ་ཆེ་མཆོག་ནས། སློབ་མ་རྒན་གཞོན་གཉིས་ཀྱི་ཡིག་གཟུགས་དང། རི་མོའི་འགྲན་བསྡུར་གྱི་གོང་གསལ་མཚན་འཁོད་ལྟར་ཨང་དང་གཉིས་གསུམ་བར་ལ་བྱ་དགའ་གནང།

༢། མི་མང་ཚོགས་གཙོ་མཆོག་ནས་སློབ་མ་རྒན་གཞོན་གཉིས་ཀྱི་བོད་ཀྱི་རྒྱལ་རབས་ཆོས་འབྱུང་དང་བརྡ་སྤྲོད། མིག་མཐོང་ངོས་འཛིན། མྱུར་ཚད་བཅས་ཀྱི་བྱ་དགའ་གནང་པ་གཤམ་གསལ།
སློབ་མ་རྒན་པ། ཨང། ༡ གཞན་ཕན་སྡེ་ཚན། ཨང། ༢ ལྷག་བསམ་སྡེ་ཚན། ཨང། ༣ བྱམས་བརྩེ་སྡེ་ཚན་བཅས་ལ། 
སློབ་མ་གཞོན་པ། ཨང། ༡ གཞན་ཕན་སྡེ་ཚན། ཨང། ༢ བྱམས་བརྩེ་སྡེ་ཚན། ཨང། ༣ ལྷག་བསམ་སྡེ་ཚན་བཅས་ལ། 

༣། བོད་སློབ་སྤྱི་ཁྱབ་འགན་འཛིན་མཆོག་ནས་རིག་ཞུང་འཁྲབ་སྟོན་གྱི་ཨང་དང་གཉིས་གསུམ་བར་ལ་བྱ་དགའ་གནང་པ།
ཨང། ༡ སོ་ལོ་ཐུན་བོད་སློབ། ཨང། ༢ ཨར་གྷའོ་བོད་སློབ། ཨང། ༣ རི་ཀོན་བོད་སློབ། 

དགོང་དྲོ་ཕྱག་ཚོད་ ༩།༡༠ ་སྤྱི་ཁྱབ་འགན་འཛིན་མཆོག་ནས་མཇུག་བསྡོམས་ཀྱི་གསུང་བཤད་དང་སྦྲགས་དམིགས་བསལ་ཐུགས་རྗེ་ཆེ་ཞུ་དགོས་རྣམ་པ།

ཀ། དགོན་པའི་མཁན་རིན་པོ་ཆེ་མཆོག་གཟུ་དཔང་ལ་གདན་ཞུ་ཕུལ་བ་ལྟར་ཕེབས་པ།
ཁ། དགོན་པའི་དགེ་བཤེས་བྱམས་པ་རབ་བརྟན་ལགས་ནས་སྐུ་མགྲོན་རྣམ་པ་དང། སློབ་ཕྲུག་རྣམས་ཀྱི་དཔུང་རྟགས་རྒྱ་གར་ལ་ཆེད་དུ་མངགས་པ་མ་ཟད་རིན་འབབ་དང་སྦྲག་གླ་སོགས་འགྲོ་གྲོན་ཆ་ཚང་ཞལ་འདེབས་གནང་འདུག་པ།
ག། ལྷ་ས་བུའི་མཐུན་ཚོགས་ནས་ཁྲི་ཆས་དང་སྡིང་ཆའི་རྒྱབ་ཡོལ་བཅས་རིན་མེད་གཡར་བ་ལ།
ང། ངོར་ཁང་གསར་བཀྲ་ཤིས་ལགས་ནས་རྒྱང་བསྒྲགས་ཀྱིཐུགས་འགན་བཞེས་པ་བཅས། དེ་བཞིན་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་གཙོས་པའི་ཚོགས་མི་རྣམ་པ། སློབ་གྲྭའི་འགན་འཛིན་དང་དགེ་རྒན་རྣམ་པ། ཕ་མ་རྣམ་པ། དུས་སྟོན་ལ་ཕེབས་པའི་མི་མང་རྣམ་པ་བཅས་ཚང་མར་ཐུགས་རྗེ་ཆེ་དང་བཀྲ་ཤིས་བདེ་ལེགས་གསུངས་པ་བཅས་ཀྱི་གནས་ཚུལ་ཕྱོགས་བསྡུས་སུ།

གསར་འགོད་པ། བསམ་པ་དོན་གྲུབ།

འདྲ་པར།

དགོང་དྲོའི་གསོལ་ཚིགས་བར་སེང་གྲུབ་མཚམས་གཤམ་གསལ་ས་གནས་བོད་སློབ་ཁག་ནས་

རིག་གཞུང་ཞབས་གཞས་དང་གཏམ་བརྗོད་བཅས་འཁྲབ་སྟོན་གནང།   ལའོ་སན་བོད་སློབ་ནས་གཞས་སྣ་ ༡ ༽  ཧོར་གྷན་བོད་སློབ་

ནས་གཞས་སྣ། ༢ ༽  ཨར་གྷའོ་བོད་སློབ་ནས་གཞས་སྣ། ༡ ༽  སོ་ལོ་ཐུན་བོད་སློབ་ནས་གཞས་སྣ། ༡ ༽ རི་ཀོན་བོད་སློབ་ནས་

གཞས་སྣ། ༢ ༽  ཡོ་ན་ར་སྤར་སེ་ཝིལ་བོད་སློབ་ནས་གཞས་སྣ། ༡ ༽ ལུ་རྫན་བོད་སློབ་ནས་གཞས་སྣ། ༡ ༽ ཊོར་གྷེན་དང་སེན་

ཊི་གཱ་ལན་བོད་སློབ་ནས་གཏམ་བརྗོད་གཅིག་བཅས་འཁྲབ་སྟོན་གནང།  སློབ་མ་རྒན་གཞོན་ཡོངས་ལ་རྒྱ་གར་ནས་ཆེད་མངགས་ཞུས་

པའི་དཔེ་མཚོན་འདྲི་དེབ་རེ་དང་སྨྱུག་གུ་རེ་གསོལ་རས་གནང།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 7 སྡོམས་རོགས།