སུད་སི་ནང་མི་མང་ ༢༥༠༠ ལྷག་སྐོར་ནས་བོད་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༣ པ་སྲུང་བརྩི་ཞུས་པ།

ཟླ་བ་ ༣ ཚེས་ ༡༠ ཉིན་བོད་ཀྱི་གསུམ་བཅུའི་དུས་དྲན་ཐེངས་༥༣ པ་དེ་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་དང་ཕྱི་རྒྱལ་བོད་དོན་རྒྱབ་བསྐྱོར་བ་བཅས་མི་གྲངས་ ༢༥༠༠ ལྷག་སྐོར་ནས་སུད་སི་རྒྱལ་ས་སྦེརན་དུ་སྲུང་བརྩི་ཟབ་རྒྱས་ངང་ཞུས་ཡོད་པ་དང་། དེ་ཡང་ཐོག་མར་ཧེལ་ཝེ་ཚེ་ཡ་མདུན་ཐང་དུ་ཚང་འཛོམས་གནང་ནས་ལག་ཏུ་བོད་ཀྱི་རྒྱལ་དར་དང་འཕྲེད་དར་སྟེང་འཛམ་གླིང་རྒྱལ་སྤྱི་གཉིད་གསོད་ཞེས་པ་དང་བོད་ལ་རོགས་བསྐྱོར་དགོས་པ་ བོད་འཆི་འགྲོ་བ་བཅས་ཀྱི་ཡི་གེ་སྣ་ཚོགས་བཀོད་པ་ཁག་ལག་ཏུ་འཁྱེར་བ་དང་། ཉེས་དུས་བོད་ནང་སྙིང་སྟོབས་ཅན་གྱི་རང་ལུས་ཞུགས་འབུལ་བ་རྣམ་པའི་སྐུ་ཕུང་མཚོན་དོན་དུ་མི་བཞིས་ཕྲག་པའི་སྟེང་འཁྱེར་ནས་སྦུན་སྡེསི་པ་ལ་ཙི་ཞེས་པ་ས་ཆ་དེ་ཡི་སྟེང་ཆབ་སྲིད་ཀྱི་ལས་དོན་སྣ་ཚོགས་དང་དུས་དྲན་སྣ་ཚོགས་འཚོགས་སའི་གནས་ཞིག་ཡིན་པས་བར་གོམ་འགྲོས་གནང་ཡོད་པ་རེད། ཐོག་མར་མི་མང་གི་ཟློས་གར་བས་སྣེ་འཁྲིད་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་བ་དང་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་དྲན་གསོའི་མྱ་ངན་སྐར་མ་གཅིག་གནང་ཡོད། སུད་སི་དོན་ཁང་ཟླ་བ་རྒྱ་མཚོ་ལགས་ནས་གསུམ་བཅུའི་དུས་དྲན་ཐེངས་ ༥༣ ལ་བཀའ་ཤག་ནས་བསྩལ་བའི་གསུང་འཕྲིན་་ལྗགས་ཀློག་གནང་པ་དང་། སུད་བོད་དང་གཞོན་ནུ་བེུད་བཅས་ཀྱི་མཛད་གཙོ་རྣམས་ནས་རིམ་བཞིན་གསུང་བཤད་ཁག་གནང་ཡོད། རི་ཀོན་མཁན་རིན་པོ་ཆེ་དང་མི་མང་ཚོགས་གཞོན་སུད་བོད་དང་གཞོན་ནུ་བེུད་ཚོགས་གཙོ་བཅས་མི་གྲངས་ ༨ ནས་རྒྱ་དམར་གཞུང་ཚབ་ཏུ་སྙན་ཞུ་འབུལ་ཡོད་པ་དང་། མི་མང་ཟློས་གར་ནས་གསུམ་བཅུའི་དྲན་གླུ་དང་དེ་བཞིན་བློ་ལྡན་རྣམ་གླིང་ལགས་ཀྱི་གཙོས་དུས་སྐབས་དང་འབྲེལ་བའི་གསུང་གཞས་གནང་མཁན་མང་དག་བྱུང་པ་དང་། ༢༠༡༡ ལོའི་བོད་ཀྱི་མཛངས་མ་སུད་སི་ནས་ཡིན་པ་བུ་མོ་བསྟན་འཛིན་དབྱངས་སྐྱིད་ལགས་ནས་ད་བར་རང་ཉིད་ཀྱི་བོད་དོན་དང་འབྲེལ་བའི་ལས་དོན་བྱ་བ་ཁག་ འགྲོ་མ་མིའི་ཐོང་ཐངས་ཞེས་པས་གསུང་གཞས་ཞིག་ཡང་འབུལ་གནང་།རི་ཀོན་ཅོས་འཁོར་དགོན་གྱི་དགེ་འདུན་རྣམ་པས་དབུས་མི་མང་ནས་བདེན་ཚིག་སྨོན་ལམ་བཅས་གསུང་ནས་མཛད་སྒོ་ལེགས་སྒྲུབ་ཟིན་པས་གནས་བསྡུས་སུ། ཚོགས་ཁང་བསྟན་བློ་ནས། འདྲ་པར་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 5 སྡོམས་རོགས།