སུད་སི་ནང་ཡོ་རོབ་སྤྱི་འཐུས་འོས་དམིགས་ལྔའི་བགྲོ་གླེང་ཞིག་གནང་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་བ་ ༢ ཚེས་ ༥ ཉིན་གྱི་ཉིན་རྒྱབ་ཚོུད་ ༡ པོའི་ཐོག་སུད་སི་ས་གནས་རི་ཀོན་སློབ་གྲྭའི་ཚོགས་ཁང་དུ་ཡོ་རོབ་གཞོན་ནུའི་མཐུན་ཚོགས་ནས་གོ་སྒྲིག་ཞུས་པས་ཡོ་རོབ་སྤྱི་འཐུས་འོས་དམིགས་ལྔའི་བགྲོ་གླེང་ཞིག་གནང་ཡོད་པ་རེད། ཐོག་མར་གཞོན་ནུའི་ཚོགས་གཙོ་ནོར་འཛིན་ལྷ་མོ་ལགས་ནས་འཇར་སྐད་དང་ཚོགས་གཞོན་སྐལ་ལྡན་ལགས་ནས་བོད་སྐད་ཐོག་བགྲོ་གླེང་འདི་གཞོན་ནུའི་མཐུན་ཚོགས་ནས་གལ་ཆེར་དགོངས་ནས་གོ་སྒྲིག་ཞུས་པ་དང་ཆབ་ཅིག་མཛད་རིམ་ཁག་མང་ཚོགས་ལ་གསལ་བཤད་གནང་ནས་བགྲོས་གླེང་དུ་ཕེབས་མི་རྣམས་ལ་ཡང་འཚམས་འདྲི་ཞུས།
ཡོ་རོབ་སྤྱི་འཐུས་འོས་དམིགས་སུ ་སུད་སི་ནས་སྨོན་མཁར་བསོད་ནམས་ལགས་ དབང་པོ་བཀྲེས་མཐོང་ལགས་ བསམ་མདོ་བྱམས་པ་ལགས་བཅས་དང་ སི་པན་ནས་སྐུ་ཤོག་དབང་ཆེན་ལགས་ ནོར་ཝེ་ནས་ཀོ་རིན་ཆུང་བདག་ལགས་བཅས་ཕེབས་ཡོད་པ་རྣམས་ནས་རང་ཉིད་སྐབས་༡༥ པའི་སྤྱི་འཐུས་ལ་ཞུགས་དགོས་པ་སོགས་ཀྱི་གསལ་བཤད་རིམ་པས་གནང་རྗེས་ཡོ་རོབ་གཞོན་ནུའི་མཐུན་ཚོགས་ནས་གོ་སྒྲིག་ཞུས་པས་དྲི་བ་དྲིས་ལན་གྱི་ལས་རིམ་ཁག་གནང་ནས་བར་གསེང་གནང་པ་དང་རིམ་བཞིན་མང་ཚོགས་ནས་དྲི་བ་དྲིས་ལན་གྱི་ལས་རིམ་ཁག་དབུ་འཛུགས་གནང་སྐབས་ཐུགས་གནང་ཆེན་པོའི་ཐོག་གལ་ཆེའི་དྲི་བ་ཞུས་མཁན་མང་དག་བྱུང་ཡོད། དགོང་དྲོའི་གསོལ་ཚིག་གོང་ཡོ་རོབ་སྤྱི་འཐུས་འོས་དམིགས་རྣམ་པར་དྲི་བ་དྲིས་ལན་གྱི་ལས་རིམ་ཁག་མཇུག་སྒྲིལ་གནང་ཡོད་པ་རེད།། འདྲ་པར་ཁག
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།