སུད་སི་བོད་ཡིག་སློབ་ཕྲུག་ཁག་དང་སློབ་དགེ་ཁག་ལ་ས་ག་ཟླ་བ་དང་འབྲེལ་མཆོད་འབྲེལ་ཞུས་ཡོད་པ།

ཕྱི་ཟླ་ ༦ ཚེས་ ༥ ས་ཟླའི་ཚེས་ ༤ ཉིན་མི་མང་གི་བོད་སློབ་འགན་འཛིན་ལྷན་ཚོགས་ནས་གོ་སྒྲིག་ཞུས་པས་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་བོད་ཡིག་སློབ་ཕྲུག་ཁག་དང་སློབ་དགེ་ཁག་བཅས་མི་གྲངས་ ༢༠༠ ལྷག་སྐོར་ལ་ས་ག་ཟླ་བ་དང་འབྲེལ་མཆོད་འབྲེལ་དང་ནང་ཆོས་༸སྐྱབས་འགྲོའི་ངོ་སྤྲོད་དང་དེ་བཞིན་དྲི་བ་དྲིས་ལན་ཁག་ལ་བཅའ་འདྲི་ཞུས་རྒྱུའི་བཅས་ཀྱི་ལས་རིམ་རྒྱས་པ་གནང་ཡོད་པ་རེད། ད་རེ་ཆ་ཤས་ལེན་པའི་སློབ་གྲྭ་ཁག་ནི། ཕི་ལཱ་ཝིལ། ཧོར་གྷན། ལངཌི་ཀོཊི། མུན་ཁུ་ཝིལན། ར་པརསེ་ཝིལ། རི་ཀོན། སནཊི་གྷ་ལན། སོ་ལུ་ཐུརན། ཕོལ་ཁེདསི་ཝིལ་དང་། ཝས་ཌནསི་ཝིལ་བཅས་ཕེབས་ཡོད་འདུག་པ་དང་། རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེའི་དབུས་དགེ་འདུན་རྣམས་དང་། འགན་འཛིན་ཕི་ལིབ་མཆོག་བཅས་ནས་མཐུན་འགྱུར་བླ་མེད་གནང་ཡོད་པར་བོད་སློབ་སྤྱི་ཁྱབ་འགན་འཛིན་སྒོ་སྤེ་ཡོན་ཏན་ལགས་ནས་ཐུགས་རྗེ་ཆེ་ཞུའི་མཇལ་དར་ཕུལ་ཡོད་ལ། དེ་བཞིན་བོད་སློབ་འགན་འཛིན་དགེ་ལས་སོགས་ཕེབས་མི་ཡོངས་ནས་མཉམ་རུབ་གང་ལེགས་གནང་སོང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད་འདུག། འདྲ་པར་་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 2 སྡོམས་རོགས།