སུད་སི་མངའ་སྡེ་སུད་ཝིཛི་ཁུལ་ནས་གནས་ཚུལ་མཁོ་སྤྲོད།
༈ སུད་སི་མངའ་སྡེ་སུད་ཝིཛི་ཁུལ་གནས་སྡོད་བོད་རིགས་རྣམས་ཀྱིས་ཁ་སྔོན་ཕྱི་ཟླ་༡༢ ཚེས་ ༧ ཉིན། ༢༠༠༡ བཟུང་བོད་དོན་དང་། ས་གནས་བོད་རིགས་རྣམས་ཀྱི་དཀའ་ངལ་ལ་རོགས་སྐྱོར་ལམ་སྟོན་གནང་མཁན་སྐུ་ཞབས་ Franz Betschart ལགས་སུ་ཐུགས་རྗེ་ལེགས་འབུལ་ཞུ་བའི་མཛད་སྒོ་ཞིག་བསྡུས་ཡོད་ལ། མཛད་སྒོའི་ཐོག་སུད་སི་དང་ལེཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་ཀྱང་ཆེད་འབོད་སྐུ་མགྲོན་དུ་གདན་ཞུས་ཐོག་གསུང་བཤད་ལམ་སྟོན་བཀའ་སློབ་གནང་ཡོད།
སྐུ་ཞབས་ཧྥ་རན་ཚི། སྦིས་ཐི་ཆར་ཐི་ལགས་ནི་སུད་སིའི་ཡུལ་མི་ཡིན་ལ། ༢༠༠༡ ནས་བོད་པའི་གནས་བབ་ཐད་ཤེས་རྟོགས་བྱུང་ཁར། ད་དུང་ཁོང་གི་སུད་བོད་མཐུན་གྲོགས་ཁོངས་སུ་འཛུལ་ཞུགས་ཐོག་ལོ་རེའི་ཚོགས་འདུ་ལ་ཆེད་བཅར་གྱིས་བོད་དོན་ཐད་རྒྱབ་སྐྱོར་གནང་བཞིན་ཡོད། ༢༠༠༡ ནས་བཟུང་མངའ་སྡེ་འདིར་འདུས་སྡོད་བོད་རིགས་བརྒྱ་ལྷག་ཡོད་པ་ཚང་མར་གཅིག་མཚུངས་ཀྱིས་གཟིགས་རྟོགས་གནང་བཞིན་པ་མ་ཟད། ལག་འཁྱེར་ཐད་དཀའ་ངལ་ཡོད་རིགས་ལ་གཞུང་དང་ཐད་ཀར་བཀའ་མོལ་རོགས་རམ་ཐག་གཅོད་གང་ལེགས་ཞུ་བ་སོགས་ཀྱིས་མཚོན་པས། ས་གནས་བོད་རིགས་ཚོའི་མདུན་ལམ་ཐད་ཀྱང་ལས་ཀ་འཚོལ་རོགས་གནང་བ། བོད་པ་མི་རེའི་འཚོ་བའི་ཐད་ལ་དངུལ་དངོས་ཀྱི་རོགས་རམ་ཀྱང་མི་ཉུང་བ་གནང་མྱོང་ཡོད། དེ་བས་ད་ཐེངས་ངེད་ས་གནས་བོད་རིགས་རྣམས་ཀྱིས་བཀའ་དྲིན་ལེགས་གསོལ་ཙམ་གྱི་ཆེད་དུ། སུད་སི་སྐུ་ཚབ་དོན་གཅོད་ཁང་ ་ནས་ཁོང་ལ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་ཅིག་ཞུས་དོན་ལྟར་གསུང་འཕྲིན་ ཕྱག་རྟགས་བཅས་ཉིན་དེར་བོད་རིགས་མི་མང་ཚོགས་གཙོ་མཆོག་ནས་དངོས་སུ་འབུལ་ཐུབ་པ་བྱུང་ཡོད། ངེད་ཤུཝི་ཛི་མངའ་སྡེའི་བོད་རིགས་སྤྱིའི་ངོས་ནས་ཁོང་ལ་རྗེས་དྲན་གྱི་ཆེད་དུ་གཞས་སྣ་གཟིགས་འབུལ་དང་། གསོལ་སྟོན་མཇལ་དར་ཕུལ་བ་སོགས་ཉིན་གཅིག་གི་ལས་རིམ་བཀོད་སྒྲིག་ཞུས ་བས་མཚོན་གནས་ཚུལ་རྣམས་སུད་སིའི་ཚགས་པར་དང་དྲ་རྒྱ། ས་གནས་སྤྱི་སྤྱོད་རླངས་འཁོར་རྣམས་སུ་ཡང་དེ་བཞིན་ཁྱབ་བསྒྲགས་བྱ་ཐུབ་པ་བྱུང་ཡོད། དེ་བས་འདིའི་ཐད་ཀྱི་གནས་ཚུལ་དེ་བོད་གནས་གསར་འཕྲིན་སོགས་སུ་ཡང་ཤེས་རྟོགས་དགོས་པ་གལ་ཆེན་ལ་སོང་མཁོ་སྤྲོད་ཞུས་པ་ལགས། གནས་ཚུལ་མཁོ་སྤྲོད་པ། ཀླུ་ཚང་། བློ་བཟང་འཕྲིན་ལས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།