སུད་སི་རི་ཀོན་ཆོས་འཁོར་དགོན་དུ་དགའ་ལྡན་ལྔ་མཆོད་སྲུང་བརྩི་ཞུས།

༢༠༡༥/༡༢/༥

ཁམས་གསུམ་ཆོས་ཀྱི་རྒྱལ་པོ་༧རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་གི་དགོངས་རྫོགས། དགེ་ལྡན་ལྔ་མཆོད་ཆེན་མོ་ཞེས་བོད་ཁ་བ་གངས་ཅན་པའི་རིས་མེད་ཆོས་སྡེ་ཡོངས་ཀྱིས་སྲུང་བརྩི་གནང་དང་གནང་བཞིན་པའི་དུས་ཆེན་ཁྱད་པ་ཅན་འདི་ཉིད། ༢༠༡༣་ལོ་ནས་སུད་སི་དང་ལིཀ་ཏེན་སིཊཡན་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་གིས་གོ་སྒྲིག་ཞུས་དང་ཞུ་མུས་བཞིན། དེ་རིང་༢༠༡༥/༡༢/༥་ཉིན་རི་ཀོན་ཆོས་འཁོར་དགོན་དུ་ཆུ་ཚོད་༡༥སྐར་༣༠་ཐོག་རི་ཀོན་མཁན་རིན་པོ་ཆེ་མཆོག་གི་དབུས་འཕགས་པའི་དགེ་འདུན་གྱི་སྡེ་དང་དད་ལྡན་སུད་བོད་མི་མང་ལྷན་འཛོམས་ཀྱི་དེ་རིང་གི་དགེ་ལྡན་ལྔ་མཆོད་སྲུང་བརྩི་ཞུས། རྟེན་མཆོག་སྤྱན་སྔར་ཀུན་བཟང་མཆོད་པའི་སྤྲིན་གྱི་ཚོགས་མཆོད་རྒྱས་བཤམས་དང་། ཚོགས་མང་ལ་འབྲས་སིལ་དང་བཞེས་ཐུག་གསོལ་ཇ་བཅས་གང་ལེགས་ཕུལ། ཉིན་གུང་ཆུ་ཚོད་༡༤ནས་དགོངས་མོའི་ཆུ་ཚོད་༡༨པའི་བར་དུ། མེ་འཁོར་འབབ་ཚིགས་ནས་རི་ཀོན་དགོན་དུ་ཡར་མར་ཕེབས་སའི་འགྲུལ་སྐྱེལ་སྣུམ་འཁོར་གླ་མེད་ཐོག་སྣེ་ལེན་ཞུས་པ་བཅས་ལ་མི་མང་ཧ་ཅང་མཉེས་འཚོ་ཆེན་པོ་གནང་། གནང་ཚུལ་མཁོ་གཏོང་བ་ངག་དབང་།

འདྲ་པར་ཁག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 6 སྡོམས་རོགས།