སུད་སི་རི་ཀོན་ཆོས་འཁོར་དགོན་དུ་ས་ཟླའི་སྲུང་བརྩི་ཞུས།

ཞོགས་ཚོུད་ ༩་་༣༠  ཐོག་གོ་སྒྲིག་ཚོགས་ཆུང་གི་ཚབ་ཏུ་ས་འཐུས་སྒོ་སྤེ་ཡོན་ཏན་ནས། ད་རེ་འདི་གར་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེའི་དབུས་དགེ་འདུན་རྣམ་པ།  སྤྱི་ཟུར་གང་གཞོན་ཚང་ངག་དབང་ལགས།  མི་མང་གི་ཚོགས་གཞོན་བསམ་པ་དོན་གྲུབ་ལགས་ཀྱི་དབུས་འཐུས་མི་རྣམ་པ།  གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་མཛད་གཙོ་རྣམ་པ།  གཞན་ཡང་ཕྱི་ནང་མི་མང་རྣམ་པར་གུས་བཏུད་འཚམས་འདྲི་ཞུ་རྒྱུ་ཡིན།  མི་མང་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་འཇི་ནི་ཝར་ཆེད་ཕེབས་ཡོད་པ་དང་།  སྤྱི་ཟུར་གསང་གླིང་ཚེ་རྡོར་ལགས་དགོངས་ཞུ་གནང་བ་གསལ་བཤད་ཞུས། 

ད་རིང་ནི་ས་ག་ཟླ་བ་སྟེ་བདག་ཅག་གི་སྟོན་པ་ཤཀྱ་ཐུབ་པའི་མཛད་པ་གསུམ་འཛོམས་ཀྱི་དུས་ཆེན་ཁྱད་འཕགས་ཅན་ནམ།  འབུམ་འགྱུར་ཟླ་བ་ཞེས་ཧ་ཅང་གི་རྩ་ཆེ་བའི་ཆོས་ཕྱོགས་ཀྱི་དུས་ཆེན་སྲུང་བརྩི་ཞུ་བཞིན་ཡོད།  ནམ་རྒྱུན་ལྟར་ཚོགས་ཆུང་ཁག་བཞིས་འགན་འཁུར་ཞུ་རྒྱུ་ཡིན།  དེ་ཡང་ཚོགས་ཆུང་རི་ཀོན།  ཐུར་སྦིན་ཐལ། མུན་ཁུ་ཝིལན།  ར་པརསེ་ཝིལ་བཅས་ཡིན། དེའི་ཐོག་ཚ་བ་ཁྱིའུ་ལགས་ནང་མིའི་བདུན་ཚིགས་ཤིག་འཁེལ་བར་འཐུས་ཚོགས་སུ་༧སྙན་གསེང་ཞུས་པ་བཞིན་བསྙེན་བཀུར་ཉིན་གུང་གསོལ་ཚིགས་སོགས་འདེག་འབུལ་ཞུ་རྒྱུ་སྐོར་༸སྙན་སྒྲོན་ཞུས།

ཆོས་ཕྱོགས་ཀྱི་མཛད་པའི་སྐོར་མཁན་རིན་པོ་ཆེའི་ལམ་སྟོན་གསལ་བཤད་གནང་ངེས་ཡིན་པ་བཅས་ལ་སོང་རྒྱས་ཞུ་མི་དགོས་པ་དང་།   མདོར་དོན་ད་ཕན་བོད་བསྟན་སྲིད་རང་དབང་སླར་གསོའི་ཆེད་དུ་སྐུ་སྲོག་འདོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་བཅས་ཐུགས་སྨོན་སྐྱབས་འཇུག་གནང་སྐྱོངས་ཡོང་བ་ཞུ་རྒྱུ་ཡིན་ཞེས་དང་།  མང་ཚོགས་ནས་མཁྱེན་གསལ་ལགས།   ཕྱི་ཚེས་ ༡༠ ནས་ད་རིང་གི་བར་འཇི་ནི་ཝར་ཚོགས་ཆུང་དྲུག་གིས་རྐྱང་ཕྱག་དང་བཅས་བོད་དོན་ལས་འགུལ་སྤེལ་བཞིན་ཡོད།    རྐྱང་ཕྱག་གི་ལས་འགུལ་ནང་མི་གྲངས་  ༢༠  འདུག་པ་ནས་བེུད་ ༣   དང་ལོ་ན་རྒན་ཤོས་  ༧༠  ཆུང་ཤོས་  ༢༣ བཅས།  དེ་རིང་ཚོགས་ཆུང་དྲུག་གི་ཚོགས་མི་ཡོངས་རྫོགས་འཇི་ནི་ཝར་འདུ་འཛོམས་ཀྱིས་ལས་འགུལ་སྤེལ་བཞིན་ཡོད།དེ་སྐོར་གསར་འགྱུར་ཁག་དང་།  བོད་སྐད་རླུང་འཕྲིན་ནོར་ཝེ། ཨ་རི་བཅས་ནས་དོ་སྣང་གིས་རྒྱང་བསྲིངས་བཅར་འདྲི་ལན་མང་གནང་སོང་།  ལས་ཁུངས་ཚོགས་སྐབས་དང་གྲོལ་སྐབས་བཅས་ཡིག་ཆ་འགྲེམ་སྤེལ་དང་བོད་དོན་གསལ་བསྒྲགས་རྒྱ་ཆེ་གནང་ཐུབ་པ་བྱུང་ཡོད།  དེ་བཞིན་རྒྱ་རིགས་གཙོ་གྱུར་གྱི་ཡུལ་འཁོར་སྤྲོ་འཆམ་པ་མང་པོས་དོ་སྣང་དང་པར་ལེན་བྱེད་པ་སོགས་བྱུང་འདུག  ཞོགས་པ་ཚོུད་  ༨  ནས་ཕྱི་དྲོ་ཚོུད་ ༡༨  བར་གནམ་གཤིས་ཚ་བ་ཆེ་བའི་ཉི་འོད་ཀྱིས་པགས་པ་འཚིག་པ་སོགས་དཀའ་སྡུག་གང་ཡོད་ལ་ལྷག་བསམ་རྣམ་དག་གི་གདོང་ལེན་གནང་གི་ཡོད་འདུག  ལས་འགུལ་དེའི་དགོས་དམིགས་གཙོ་བོ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྦན་ཀི་མོ་མཆོག་ནས་རྒྱ་གཞུང་ལ།  བོད་རྒྱ་ཞི་མོལ་འཕྲལ་དུ་ཡོང་ཐབས་སུ་༧གོང་ས་མཆོག་གི་སྐུ་ཚབ་བམ་བཙན་བྱོལ་སྒྲིག་འཛུགས་ཀྱི་སྐུ་ཚབ་ལྷན་མཇལ་མོལ་གང་མགྱོགས་ཡོང་བར་བསྐུལ་དེད་གནང་ཐབས་བཅས་ཟླ་བ་གསུམ་རེར་ཚོགས་ཆུང་དྲུག་རེས་ལས་འགུལ་སྤེལ་བ་བཅས་ཡིན་ཞེས་དང་།

ད་སྐབས་ཨི་ཊ་ལིར་ཆོས་སྲིད་ཀྱི་མཛད་འཕྲིན་སྐྱོང་བཞིན་པའི་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུས་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་ལྷུན་གྱི་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་ནས་གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་མྱུར་དུ་འཆར་བ་བཅས་ཐུགས་སྨོན་མཚམས་སྦྱོར་ཤུགས་དྲགས་གནང་བའི་ནན་བསྐུལ་བཅས་ཞུས།  གསོལ་ཇ་འབྲས་སིལ་གྱི་བར་གསེང་སྐབས་མཁན་རིན་པོ་ཆེ་མཆོག་ནས་སྟོན་པའི་མཛད་རྣམ་དང་འབྲེལ་བའི་ས་ག་ཟླ་བའམ་འབུམ་འགྱུར་ཟླ་བའི་ངོ་སྤྲོད་དང་བཅས་ནང་ཆོས་ལ་དོན་གཉེར་དང་།  སྡིག་སྤོང་དགེ་སྒྲུབ་ལ་འབད་རྩོལ་དགོས་པའི་བཀའ་སློབ་ལམ་སྟོན་གཟབ་རྒྱས་གནང་།  འཐུས་མི་བརྡ་སྐྱེལ་དགེ་ལེགས་ལགས་ནས་ཐེངས་འདིའི་ཞལ་འདེབས་གནང་མིའི་མཚན་གཞུང་སྒྲོག་བྱང་གནང་བ་དང་ཆབས་ཅིག་ཐུགས་རྗེ་ཆེ་ཞུས།  མི་གྲངས་ ༡༥༠  སྐོར་འདུག་པ་རྣམས་ལ་ཉིན་གུང་གསོལ་ཚིགས་དཀར་སྐྱོང་ཕུལ་སོང་བ་བཅས་བཀྲིས་ལེ་འགྲིགས་བྱུང་སོང་བའི་གནས་ཚུལ་སྙིང་བསྡུས་སུ།  སྒོ་སྤེ་ཡོན་ཏན།

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 4 སྡོམས་རོགས།