སུད་སི་རྒྱལ་ས་སྦརན་དུ་ཞི་རྒོལ།

དེ་ཡང་།  ༢༠༡༣  ཕྱི་ཟླ་  ༥  ཚེས་  ༢༤  རེས་གཟའ་པ་སངས།  ཚོད་  ༡༥/༠༠ ནས་ཚོུད་ ༡༧/༣༠ བར་སུད་སི་རྒྱལ་ས་སྦརན་དུ་རྒྱ་དམར་གྱི་སྲིད་བློན་(Chinese prime minister Li Keqiang) གཞུང་འབྲེལ་འབྱོར་བར།  སུད་སི་དང་ལེཀ་ཏེན་སིཊཡན་བོས་རིགས་མི་མང་ས་གནས་འཐུས་ཚོགས་ནས་གོ་སྒྲིག་གིས་མི་མང་ ༢༥༠  སྐོར་ནས་མཉམ་ཞུགས་ཀྱི་ཞི་བའི་ངོ་རྒོལ་བྱས་ཤིང།  བོད་རིགས་རྣམས་ནས་བོད་ནང་རྒྱ་གཞུང་ནས་དྲག་ཤུགས་བཙན་གནོན་འཕྲལ་དུ་མཚམས་འཇོག་ཐོག  བོད་མི་རྣམས་ཀྱི་མངོན་འདོད་སྨྲ་བརྗོད་དང་།  ཆོས་དད།  འགྲོ་འོངས་བཅས་གཞི་རྩའི་འགྲོ་བ་མིའི་རང་དབང་ཐོབ་ཐང་སྤྲོད་དགོས་པ་མ་ཟད།  ཆེས་ནོར་འཕྲུལ་དང་མཁྲེགས་བཟུང་ཅན་གྱི་སྲིད་བྱུས་ལ་འགྱུར་བ་གཏང་ནས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་མྱུར་འཕྲལ་སེལ་དགོས་པ་བཅས་ཀྱིས་ལས་འགུལ་སྤེལ་ཡོད།  སྐབས་དེར་ཡུལ་མི་རྣམས་ནས་ཀྱང་རྒྱབ་སྐྱོར་ཆེན་པོ་ཡོད་པའི་རྣམ་འགྱུར་བཟང་པོ་སྟོན་འདུག་པ་བཅས་ཀྱི་གནས་ཚུལ།  སྒོ་སྤེ་ཡོན་ཏན།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 6 སྡོམས་རོགས།