སུད་སི་རྒྱལ་ས་སྦེརཎ་དུ་སྐྱབས་བཅོལ་དུས་ཆེན་ཞེས་པ་ཞིག་གོ་སྒྲིག་གནང་འདུག

༢༠༡༢།༠༦།༡༦ ཉིན་རྒྱབ་ཚོུད་ ༡༤།༣༠ དགོང་མོའི་ཚོུད་ ༢༠ བར་སུད་སི་རྒྱ་ས་སྦེརཎ་དུ་སུད་སི་སྐྱབས་བཅོལ་ལས་ཁང་CARITASཞེས་པ་ཞིག་གི་གོ་སྒྲིགས་འོག་ སྐྱབས་བཅོལ་པ་ལུང་པ་སོ་སོའི་མི་སྣས་གཞས་སྣ་དང་ ཞལ་ལག་འདྲ་མིན་སོགས་བཟོ་གསོལ་ཡོད་པར་ སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ས་གནས་སྦེརཎ་ཚོགས་ཆུང་གི་ཚོགས་མི་ཚོས་ཀྱང་མཉམ་བཞུགས་གནང་པ་དང་། ཤ་བག་ལེབ་དང་ཞལ་མོག་སོགས་འཚོང་པ་དང་སྟབས་བསྟུན་བོད་དོན་ཆེད་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོས་རང་དབང་ཐབས་རྩོད་ཀྱི་ཆེད་ལུས་སྲོག་མཆོད་མེར་ཕུལ་མཁན་དམ་རྣམས་ཀྱི་འདྲ་པར་འགྲེམ་སྟོན་གནང་པ་མ་ཟད་ངག་ཐོག་ནས་འགྲུལ་མི་རྣམས་ལ་བོད་དང་བོད་མིའི་སྐོར་གསལ་བཤད་ཞུས་པ་བཅས་ཀྱི་ལས་དོན་གང་ཐུབ་བསྒྲུབས་གནང་ཡོད་པ་རེད་འདུག།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 9 སྡོམས་རོགས།