སུད་སི་ས་གནས་གྷེ་ལ་རུ་སི་ཚོགས་ཆུང་ནས་མཆོད་འབུལ་གནང་བ།

༄༅། །སྐུའི་ཚ་བོ་འཇིགས་མེད་ནོར་བུ་ལགས་ཨ་རིའི་ཧྥུ་ལོ་རའི་ཌཱ་མངའ་སྡེའི་ནང་དུ་བོད་དོན་ཞི་བའི་གོམ་བགྲོད་ཀྱི་སྐབས་སུ་རླངས་འཁོར་ཞིག་གིས་བརྒྱབ་ནས་འདས་གྲོངས་སུ་སོང་ནས་ཞག་ ༤༩ འཁོར་བ་དང་ཉེ་དུས་ཉེ་ཧོང་དུ་ས་ཡོམ་ཆུ་ཀློག་གིས་མི་མང་པོ་རྐྱེན་འདས་སུ་སོང་བ་དང་གངས་ལྗོངས་མདོ་སྨད་ཨ་མདོ་རྔ་པ་རྗོང་ཁུལ་ཀིརྟི་དགོན་པའི་དགེ་འདུན་པ་ཕུན་ཚོགས་ལགས་བོད་བསྟན་པ་ཆབ་སྲིད་དོན་དུ་རང་ལུས་མེ་སྲེག་བཏང་བ་དང་ཨ་མདོ་བླ་བྲང་བསང་ཁོག་ཅེས་པའི་འབྲོག་སྡེ་ནས་ཡིན་པ་འཇམ་དབྱངས་སྦྱིན་པ་ལགས་བཅས་འདས་གྲོངས་སུ་གྱུར་ནས་འདི་ག་སུད་སི་ས་གནས་གྷེ་ལ་རུ་སི་ཚོགས་ཆུང་ནས་ཕྱི་ཟླ་་༤ ཚེས་ ༩ ཉིན་རྒྱབ་ཚོུད་་༡༣་༣༠ ནས་ ༡༧་༣༠ བར་མཆོད་འབུལ་རྒྱ་ཆེ་གནང་བ་དང་། དེའི་རྗེས་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་སྐལ་བརྒྱ་བརྟེན་པའི་ཆེད་མཎི་དང་སྒྲོལ་སྔགས་དང་རྒྱལ་བའི་གསོལ་འདེབས་མཚན་སྔགས། ཚིག་བདུན་གསོལ་འདེབས་དང་གསོལ་འདེབས་བར་ཆད་ལམ་སེལ་བཅས་གསོག་སྒྲུབ་གནང་བའི་གནས་ཚུལ། འདྲ་པར་་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 2 སྡོམས་རོགས།