སུད་སི་ས་གནས་ཧོར་གྷན་གྲོང་སྡེའི་དུས་སྟོན་སྡོརྥ་ཕེསི་ཞེས་ཉིན་གསུམ་རིང་འཚོགས་གནང་གི་ཡོད་པ།
༄༅། །ཟླ་བ་ ༧ ཚེས་ ༨ ནས་ ཚེས་ ༡༠་བར་སུད་སི་ས་གནས་ཧོར་གྷན་གྲོང་སྡེའི་དུས་སྟོན་སྡོརྥ་ཕེསི་ཞེས་ཉིན་གསུམ་རིང་འཚོགས་གནང་གི་ཡོད་པ་དང་།དུས་སྟོན་འདི་ལོ་དུས་གསུམ་རེའི་མཚམས་འཚོགས་གནང་གསོལ་ཡོད་པས་ རྒྱལ་ཁབ་འདྲ་མིན་གྱི་ཞལ་ལག་སྤུས་འཚོང་གནང་པ་དང་གཞས་སྣ་འདྲ་མིན་གཟིགས་འབུལ་ཞུས་ཀྱིས་ཡོད་པ་རེད། ས་གནས་ཧོར་གྷན་དུ་གནས་སྡོད་མི་མང་དང་དེ་བཞིན་གཡས་གཡོན་གྲོང་སྡེ་ཁག་ནས་མི་མང་མང་པོ་ཚང་འཛོམས་གནང་པ་དང་ས་གནས་ཧོར་གྷན་དུ་གནས་བཞུགས་བོད་རིགས་མི་མང་གི་ཚོགས་ཆུང་ནས་ཀྱང་ལོ་ལྟར་བཞིན་བོད་ཟས་འཚོང་པ་དང་བོད་ཀྱི་གཞས་སྣ་འདྲ་མིན་གཟིགས་འབུལ་ཞུས་ཀྱི་ཡོད་པ་བཞིན་འདི་ལོའི་དུས་སྟོན་སྐབས་སུ་ཡང་གཞས་སྣ་འཁྲབ་སྟོན་གནང་སྐབས་ཕྱི་རྒྱལ་བ་མང་པོས་བོད་པའི་འཁྲབ་ཆས་དང་སྣ་བ་སྐྱིད་པའི་ཞབས་འབྲོ་ཁག་ལ་ཡིད་དབང་འཕྲོག་པས་རྣམ་འགྱུར་སྟོན་ནས་གཟིགས་མོ་གཟིགས་བཞིན་བོད་ཟས་ལོངས་སྤྱོད་ཀྱི་གོ་སྐབས་བཟང་པོ་ཞིག་ལ་སྩིས་བཞིན་ཡོད་པ་ཡིན་པ་རེད། འདྲ་པར་་
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།