སུད་སི་ས་གནས་ཧོར་གྷན་དུ་དཔལ་ཆེན་རྟ་མགྲིན་པདྨ་ཡང་གསང་གི་བཀའ་དབང་གནང་བ།

༄༅།།ད་རིང་རེས་གཟའ་སྤེན་པའི་ཉིན་ས་གནས་ཧོར་གྷན་དུ་མི་མང་འདུ་འཛོམས་ཆེན་པོའི་ཐོག་ཇི་ལྟར་སུད་སི་སེར་བྱེས་རིགས་གཞུང་བསྟི་གནང་ཁང་ནས་གསོལ་འདེབས་ཞུས་པ་གཞིར་སེར་བྱེས་མཁན་པོ་རྗེ་བཙུན་བློ་བཟང་བདེ་ལེགས་མཆོག་ནས་མང་ཚོགས་ལ་བསྒྲུབས་པ་བཀའ་བརྒྱད་ཀྱི་ནང་ཚན་དཔལ་ཆེན་རྟ་མགྲིན་ཡང་གསང་གི་སྒོ་ནས་གཏོར་དབང་བྱིན་རླབས་ཆར་འབེབས་གནང་ཡོད་པ་རེད། ཉིན་རྒྱབ་ཕྱག་ཚོད་༢པའི་ཐོག་དབུ་འཛུགས་ཀྱིས་རིན་པོ་ཆེ་མཆོག་ནས་ཐོག་མར་བཀའ་དབང་ཞུས་པ་ལ་བླ་མ་དང་སློབ་མའི་གནང་སྒོ་ཁག་༸སྐྱབས་འགྲོ་སེམས་སྐྱེས་ཀྱི་སྐོར་དང་དེ་བཞིན་རྟ་མགྲིན་དབང་གྱི་ཕན་ཡོན་བཅས་ཀྱི་སྐོར་གསལ་བཤད་གནང་།གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོས་གསོལ་འདེབས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་བཞིན་མང་ཚོགས་ནས་ས་གཞི་སྤོས་བཞི་མའི་གསོལ་འདེབས་མཎྜལ་དབྱངས་དང་བཅས་པས་གསུང་གནང་མཛད་རྗེས་བཀའ་དབང་དངོས་གཞི་དབུ་འཛུགས་གནང་། མཐར་རིན་པོ་ཆེ་མཆོག་ནས་བཀའ་དབང་གྱི་ཕན་ཡོན་དང་མཚན་སྔགས་༼ཧྲཱིཿབཛྲ་ཀྲོདྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ།༽གང་མང་གང་འགྲོ་གསོག་བསྒྲུབས་གནང་དགོས་པའི་བཀའ་སློབ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་གསུང་སྤྱི་སྒྲུབས་ཞུ་རྒྱུ་དང་བོད་མི་ནང་ཁུལ་ཆམས་མཐུན་དགོས་པ་བཅས་ཀྱི་བཀའ་སློབ་གཟབ་རྒྱས་གནང་། སང་ཉིན་རེས་གཟའ་ཉི་མའི་བཞོགས་པ་ཕྱག་ཚོད་ ༡༠ནས་༡༢བར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གནང་རྒྱུ་ཡིན་འདུག།།། འདྲ་པར་་
ཚོགས་ཁང་བསྟན་བློ་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 4 སྡོམས་རོགས།