སུད་སིར་བུད་མེད་སྒེར་ལངས་དུས་དྲན་སྲུང་བརྩི།

ཕྱི་ཚེས་༡༢ ཉིན་སུད་སི་ས་གནས་བུད་མེད་ཚོགས་པའི་གོ་སྒྲོག་འོག་སུད་སི་གྲོང་ཁྱེར་ཛུ་རིག་གི་Burklipatz ས་གནས་སུ་བོད་ཀྱི་བུད་མེད་སྒེར་ལངས་དུས་དྲན་ཐེངས་༥༨ སྲུང་བརྩི་གནང་ཡོད་འདུག

གོང་ཚེས་ཉིན་སུད་སི་ས་གནས་བུད་ཚོགས་པའི་གོ་སྒྲིག་འོག་སུད་སི་ཛུ་རིག་གྲོང་ཁྱེར་ནང་བོད་ཀྱི་བུད་མེད་སྒེར་ལངས་དུས་དྲན་ཐེངས་༥༨ དེ་སྲུང་བརྩི་གནང་ཡོད་པ་དང་། དུས་དྲན་སྲུང་བརྩིའི་ལས་འགུལ་ནང་སུད་སི་རི་ཁོན་ཆོས་འཁོར་དགོན་གྱི་དགེ་འདུན་པ་རྣམ་པ་དང་། སུད་སི་སི་དང་ལིག་ཏེན་སི་ཊཡན་བོད་རིགས་མི་མང་གི་ཚོགས་གཞོན་པད་མ་ལགས། སུད་སི་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས། བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་མཁར་འཕགས་ལགས། གཞན་ས་གནས་བུད་མེད་ཚོགས་པའི་ཚོགས་གཙོ་གཞོན་གྱིས་གཙོས་པའི་མི་མང་བརྒྱ་མ་ཟིན་ཙམ་མཉམ་ཞུགས་ཐོག་དུས་དྲན་སྲུང་བརྩི་གནང་ཡོད་འདུག

སུད་སི་སྐུ་ཚབ་དོན་གཅོད་མཆོག སུད་སི་ལིག་ཏེན་སི་ཊཡན་བོད་རིགས་མི་མང་གི་ཚོགས་གཞོན་པད་མ་ལགས། བུད་མེད་ཚོགས་པའི་ཚོགས་གཙོ་དང་ཚོགས་མི་ཁག་ཅིག་ནས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གྲུབ་རྗེས། སུད་སིར་གནས་སྡོད་སྒྱུ་རྩལ་པ་རྣམ་གླིང་བློ་ལྡན་ལགས་ཀྱིས་གཙོས་པའི་གཞས་པ་དང་སྒྱུ་རྩལ་པ་ཁག་ཅིག་གིས་སྒྱུར་རྩལ་འཁྲབ་སྟོན་གྱི་ཐོག་ནས་དུས་དྲན་སྲུང་བརྩི་སོགས་གནང་ཡོད་འདུག

གསར་འགོད་པ། ཙ་ཡུས་ཕུན་ཚོགས། པར་པ་བཀྲིས་རྣམ་རྒྱལ། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 7 སྡོམས་རོགས།