སུད་སིར་ྋསྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་པ།

༄༅། །སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ནས་གོ་སྒྲིག་ཞུས་པས་ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༡༠ ཉིན་སྔར་རྒྱུན་བཞིན་ས་གནས་བྷུའི་ལག་གྲོང་སྡེའི་ཚོགས་ཁང་ནང་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༥ ཕེབས་པའི་ྋསྐུའི་འཁྲུངས་སྐར་དགའ་སྟོན་གཟབ་རྒྱས་ངང་སྲུང་བརྩི་ཞུས་པ་དང༌། སྐབས་འདིར་ཕྱི་ནང་སྐུ་མགྲོན་དང་མི་མང་ ༡༢༠༠ ལྷག་མཉམ་འཛོམས་ཀྱིས་ཞོགས་པ་ཚོུད་ ༡༠ ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་ཚོགས་ཁང་ནང་གདན་ཞུས་རྗེས་ྋཞབས་པད་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་འབུལ་བཞིན་ངང་གསོལ་ཇ་འབྲས་སིལ་འདེགས་ཞུས་པ་དང༌། ཉེ་ལམ་བོད་ནང་ས་ཡོམ་གྱིས་རྐྱེན་འདས་སོང་བ་རྣམས་ཀྱི་སླད་མཆོད་འབུལ་སྨོན་ལམ་རྒྱས་པ་ཞུས་ཡོད་པ་རེད། ཉིན་རྒྱབ་ཚོུད་ ༡༣ ནས་མཛད་སྒོ་དངོས་གཞི་དབུ་འཛུགས་ཀྱིས་མི་མང་ཟློས་གར་ནས་སྣེ་འཁྲིད་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང༌། རྟེན་འབྲེལ་བཀྲིས་ཞོལ་པ་གཟིགས་འབུལ་ཞུས་རྗེས་ མི་མང་ཚོགས་གཙོ་དང་མཛད་གཙོ་རྣམས་ནས་དུས་ཆེན་དང་འབྲེལ་བའི་བཀའ་སློབ་གསུང་བཤད་ཁག་གནང་པ་དང་རིམ་བཞིན་ས་གནས་བོད་ཡིག་སློབ་གྲྭ་ཁག་དང་ ས་གནས་ཚོགས་ཆུང་ཁག་ ཆོལ་གསུམ་དང་བེུད་ཚོགས་པ་ སྐྱིད་སྡུག་ཁག་དང་ རང་མོས་གསུང་གཞས་གནང་མཁན་ཁག་བཅས་ནས་གསུང་གཞས་རིམ་བཞིན་གནང་ནས་དངོསགཞིའི་མཛད་སྒོ་ཚོུད་ ༢༢་༣༠ ཡོལ་ཙམ་ལ་མཇུག་སྒྲིལ་ཟིན་ཡོད་པ་རེད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 6 སྡོམས་རོགས།