སུད་སུ་གནས་བཞུགས་བོད་རིགས་སྤུན་ཟླ་ཡོང་གིས་སྙན་ལམ་དུ།

གུས་འབུལ།

༢༠༡༣  ཟླ་བ་ ༥ ཚེས་ ༡༧  ཉིན སིད་སི་ས་གནས་སྦན་དང་རྒྱུན་ནས་བ་སྦ་སལ་ཚོགས་ཆུང་གསུམ་ནས་གོ་བསྒྲིགས་ཞུས་ནས་རྒྱུན་ནས་བ་འགྲོ་བ་མིའི་ཐོབ་ཐང་ལས་ཁུང་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གི་ལས་ཁུང་བར་ཞི་བའི་གམ་འགྲོདབྱེད་རྒྱུ་ཡིན་པའི་མི་མང་གང་མང་ཕེབས་ཐུབ་པའི་འབོད་བསྐུལ་ཞུ། །གཤམ་ལ་བོད་མའི་སྒྲིག་འཛུགས་ཀྱི་གསལ་བསྒྲགས་འདི་ལ་ཡོང་གཟིགས་རོགས། །
བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༧ གྱི་ཉིན་མོ་འདི་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེའི་ཉིན་མོ་ཞེས་པར་གསལ་བསྒྲགས་བྱེད་རྒྱུ་ཡིན། ཉིན་མོ་འདིས་རང་དབང་གི་ཆེད་དུ་དཀའ་སྡུག་ལ་གདོང་ལེན་བྱེད་བཞིན་པའི་བོད་མི་རྣམས་ཀྱི་མངོན་འདོད་ལ་

རྒྱལ་སྤྱིའི་སྤྱི་ཚོགས་ནས་གདུང་སེམས་མཉམ་སྐྱེ་ཤུགས་ཆེ་ཡོད་པ་མཚོན་གྱི་ཡོད། ཉིན་མོ་འདི་སྲུང་བརྩི་ཞུ་རྒྱུ་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཐུན་མོང་ནས་ཐག་གཅོད་གནང་བ་ཞིག་ཡིན།

ད་རིང་ནི་དགུང་ལོ་དྲུག་ལས་མ་སོན་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱུ་མཚན་འགྲེལ་བཤད་གང་ཡང་མེད་པར་གར་སོང་ཆ་མེད་དུ་སོང་བའི་ཉིན་མོ་ཡང་ཡིན། 

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་དང་འཛམ་གླིང་གི་དབུ་འཁྲིད་མང་པོས་རྒྱ་ནག་གི་དབང་འཛིན་པ་ཚོར་པཎ་ཆེན་ཆུང་སྲིད་རིན་པོ་ཆེར་མཇལ་འཕྲད་ཞུ་རྒྱུའི་རེ་འདུན་རིམ་པ་བཏོན་ཡང་ཡ་ལན་བྱེད་རྒྱུ་ལྟ་ཞོག་ཁོང་གང་དུ་ཡོད་མེད་ད་ལྟའང་ཤེས་རྟོགས་ཐུབ་མེད། ཁོང་གི་གནས་སྟངས་འདིས་སྙིང་སྟོབས་ཅན་གྱི་གཞིས་བཞུགས་བོད་མི་རྣམས་མུ་མཐུད་བརྩོན་འཇུག་དང་། ཁོང་ཚོའི་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་བཙན་འཕྲོག་བྱེད་པའི་གནས་སྟངས་དེ་གསལ་པོར་མཚོན་གྱི་ཡོད།

རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་ཉེར་ལེན་གྱིས་ད་བར་བོད་མི་ས་ཡ་གཅིག་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང། ལྷག་པར་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ ༡༡༧ བྱུང་ཡོད། བོད་ནང་གི་བོད་མི་ཚོས་རང་ཉིད་བློས་བཏང་དང་སྙིང་སྟོབས་ཆེ་བའི་བྱ་སྤྱོད་དེ་དག་གིས་བོད་ནང་ཆབ་སྲིད་ཀྱི་དྲག་གནོན་དང། རིག་གཞུང་ཉམས་ཉེས། ཁོར་ཡུག་གཏོར་བཅོམ། དཔལ་འབྱོར་མཐར་འབུད་བཅས་ཀྱི་རྒྱ་ནག་གཞུང་གི་སྲིད་བྱུས་ཁག་ལ་མོས་མཐུན་མེད་པའི་རྣམ་འགྱུར་གསལ་པོ་བསྟན་ཡོད་ན། ད་ལྟའི་དུས་སྐབས་འདིར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་བོད་མི་ཚོའི་གནས་སྟངས་དང་མངོན་འདོད་སྣང་མེད་དུ་མ་བཞག་པར་བོད་མིར་སྔར་ལྷག་རྒྱབ་སྐྱོར་གནང་དགོས་པའི་དུས་ལ་སླེབས་ཡོད།

དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་མི་དང་བོད་ཀྱི་གྲོགས་པོ་ཡོངས་ལ་སོ་སོའི་གནས་ཡུལ་རྒྱལ་ཁབ་དང་ས་གནས་ཀྱི་གནས་བབ་དང་བསྟུན་ཏེ་ཉིན་མོ་འདི་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེའི་ཉིན་མོར་སྲུང་བརྩི་ཞུ་དགོས་པའི་འབོད་བསྐུལ་ཞུ་རྒྱུ་དང་། རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་སྤྱི་དང་ལྷག་པར་ཉེ་ཆར་བྱུང་བའི་དོན་རྐྱེན་གཉིས་ཀྱི་ཆེད་ཉིན་བརྒྱ་དུས་གཅིག་ཏུ་དེ་ཉིན་མཆོད་འབུལ་སྨོན་ལམ་གསུང་འདོན་གནང་རོགས་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༣༠ ལ།། །།

འབྲེལ་གཏུགས།
མགོན་པོ་རྡོ་རྗེ་ཚང་ཟླ་བ་ཐུབ་བརྟན། ༠༧༦ ༢༤༩ ༣༣ ༣༥
འཕེལ་སྣེ་ཚང་བློ་བཟང་རབ་རྒྱས།  ༠༧༦ ༥༡༣ ༡༤ ༤༠
བསོད་ནམས་རྡོ་རྗེ།  ༠༧༩ ༦༡༣ ༧༥ ༠༤

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 3 སྡོམས་རོགས།