སྐུ་ཕྱའི་ཞབས་རིམ་གསོག་སྒྲུབ་ཞུས་པ།
༄༅། ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༡ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་༸དཔལ་ལྡན་ཆོས་རིག་ལས་ཁུངས་ནས་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་པ་ལྟར་ ༼གནས་ཆུང་ཆོས་རྒྱལ་ཆེན་པོ་མཆོག་སྐུ་གསོལ་སྤྱན་འདྲེན་ཞུས་པའི་ལུང་ཞུ་གཙོ་བོར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་སྐུ་གཟུགས་བརྟག་དཔྱད་དང་འཕྲོད་བཞེས་སྨན་བཅོས་སླད་ཕེབས་ཐོན་གནང་ཟིན་ཡོད་པར། རང་ཅག་བོད་མི་ཡོངས་ཀྱི་ངོས་ནས་དེའི་ཆེད་རྐྱེན་སེལ་རིམ་གྲོ་དང་སྐབས་འབྲེལ་སྤྱི་མཐུན་གྱི་བསོད་ནམས་གསོག་པའི་ཐབས་སྒོགང་དང་གང་ལ་འབད་འབུངས་ཞུས་ན་བཟང། ༽ ཞེས་གཤམ་གསལ་ཞབས་རིམ་ཁག་གསོག་སྒྲུབ་ཞུ་དགོས་པ་མ་ཟད་སྒྲུབ་ཐོ་ཡང་ངེས་འབུལ་དགོས་རྒྱུ་བཀོད་ཁྱབ་ལྟར།
ད་ལམ་ ༢༠༡༦ ཟླ་ ༢ ཚེས་ ༢༡ རེས་གཟའ་ཉི་མའི་ཉིན་སུས་སི་བོད་རིགས་མངའ་རིས་སྐོར་གསུམ་མཐུན་ཚོགས་ཀྱི་ཚོགས་མི་རྣམས་ཆེད་འཛོམས་ཀྱིས། ༸རྒྱལ་བའི་མཚན་སྔགས་དང། སྨན་བླའི་གཟུངས། སྒྲོལ་མའི་གཟུངས་བཅས་གསོག་སྒྲུབ་ཞུས་པའི་གྲངས་ཐོ་ཡང་རིང་མིན་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་འབུལ་རྒྱུ་ཡིན་པའི་གནས་བསྡུས་སུ།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།