སྤ་སལ་ཚོགས་ཆུང་གི་བོད་ཡིག་སློབ་གྲྭའི་དུས་ཆེན།

སྤྱོ་ལོ ༢༠༡༨ ཟླ་བ ༦ ཚེས ༢༣ ཉིན་ས་གནས་སྦ་སལ་ཚོགས་ཆུང་བོད་ཡིག་སློབ་གྲྭའི་དུས་ཆེན་ཞིག་གོ་བསྒྲིགས་གནང་སོང་། དེ་ཡོང་གོང་ཚེས་ཉིན་དམིགས་གསལ་སྐུ་མགྲོན་གཙོ་བོ་སྐུ་དངོས་དོན་གཅོད་དངོས་སྒྲུབ་རྡོ་རྗེ་མཆོག་དང་། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ཚོགས་གཙོ་སྐུ་དངོས་མཚམས་མདའ་ནོར་བུ་ལགས། ཡུ་རོབ་སྤྱི་མཐུས་སྐུ་དངོས་ཟམ་མདོ་བྱམས་པ་ལགས། ས་གནས་སྦ་སལ་སུད་བོད་མཐུན་གྲོགས་ཚོགས་པའི་ཚོགས་མའི་དང་གཞན་ཕྲུ་གུ་ཕ་མ་གཙོས་པའི་མི་གྲངས་༢༠༠ ལྷག་ཙམ་གིས་འཛོམ་གནང་སོང། དེ་ཡོང་ཐོག་མར་སྐུ་མགྲོན་རྣམ་པ་དང་སྦ་སལ་བོད་སློབ་ཕྲུ་གུ་ཡོང་དང་སྦ་སལ་ཟློས་གར་ཡོང་ནས་སྣེ་ཁྲིད་ནས་སྤྱི་ནོར་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་ཞུས་ཏེ་མཇའ་དར་སྒྲོན་ནས། དེའི་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་བདེན་ཚིག་སྨོན་ལམ་གསུངས་ནས་བོད་བསྟན་སྲིད་ཀྱི་ཆེད་དུ་སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་མྱ་ངན་ངག་བཅད་སྐར་མ་ཅིག་རིང་གནང་སོང་། ས་གནས་བོད་ཡིག་སློབ་གྲའི་དགེ་སློབ་ཡོང་ནས་རེ་གཟའ་སྤེན་པ་ཉིན་ལྟར་བོད་ཡིག་སློབ་གྲྭ་ཚོགས་གནང་ནས་བོད་ཡིག་དང་བོད་སྐད་ཡར་རྒྱས་ཡོང་ཐབ་དང་། ད་ལམ་སློབ་ཕྲུག་གྲངས་ ༤༠ ལྷག་དང་། བོད་ཡིག་རྒན་ལགས་ ༥ དང་། ཟློས་གར་རྒན་པ་མི་གྲངས་༡༢། ཟློས་གར་འབྲིང་བ་མི་༨ ། ཟློས་གར་ཆུང་བ་ཕྲུ་གུ་ ༡༢ དང་ཟློས་གར་རྒན་༣ དང་། སྒྲ་སྙན་རྒན་ ༡ སྒྲ་སྙན་ཚན་པ་ལ་ཕྲུ་གུ་གྲངས་༡༠ ་ཙམ་འདུག་པའི་ངོ་སྤྲོད་མདོར་བསྡུས་སུ། དེ་ཡོང་གང་ཚེས་ཉིན་སྐུ་མགྲོན་རྣམས་པའི་མོང་ཚོགས་ལ་བཀའ་སློབ་ལམ་གཏོན་ཧ་ཀྱང་གིས་ཕན་པ་གནང་སོང་བའི་གོང་ཞུས་སྐུ་མགྲོན་རྣམ་པ་ཡོང་ལ་བཀའ་དྲིན་ཆེ་ཞུ་བ་དང། དེ་ཉིན་བོད་ཡིག་སློ་གྲའི་ཆེད་འབྱོར་ལྡན་ལྷག་བསམ་ཅན་གིས་མི་སྣ་མགའ་ཞིག་གིས་ཞལ་འདེབས་ཀྱང་འབུལ་སོང་བའི་སྙིང་དབུས་ནས་ས་གནས་མི་མང་ཡོང་གིས་ཚབ་ཞུས་ནས་བཀའ་དྲིན་ཆེ་ཞུ། དམིགས་གསལ་ས་གནས་མི་མང་ནས་ཐུགས་ཁུར་ཆེན་པོ་གཞེས་ནས་རྒྱབ་སྐྱོར་ཧ་ཀྱང་གནང་སོང་བའི་བཀའ་དྲིན་ཆེ་ཞུ་རྒྱུ་དང། དགོངས་མོ་ཕྱག་ཚོད་༢༣ ལ་མཛད་སྒོར་བཀྲ་ཤིས་བདེ་ལེགས་ངང་མཇུག་བསྒྲིལ་གནང་སོང་།
ས་གནས་མཐུས་མའི་མགོན་པོ་རྡོ་རྗེ་ཚང་ཟླ་བ་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 8 སྡོམས་རོགས།