སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སུད་སིར་ཆིབས་བསྒྱུར་བཀྲིན་བསྐྱངས།
༄༅། སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གིས་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༦ ཉིན་སུད་སི་གྲོང་ཁྱེར་སྦ་སེལ་དུ་ཆིབས་བསྒྱུར་བཀྲིན་བསྐྱངས།
དེ་རིང་ཟླ་བ་ ༢ ཚེས་ ༦ ཉིན་སྔ་དྲོའི་ཚོུད་ ༨ ཙམ་ལ་སུད་སིའི་གྲོང་ཁྱེར་ཛུ་རིག་རྒྱལ་སྤྱིའི་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་རི་ཀོན་མཁན་རིན་པོ་ཆེ་དང། ཡུ་རོབ་དམིགས་བསལ་སྐུ་ཚབ། ས་གནས་སྐུ་ཚབ་དོན་གཅོད། གདན་ཞུ་བ་བོད་རིགས་མི་མང་གི་ཚོགས་གཙོ་བགྲེས་གཞོན། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྣམ་གཉིས་སོགས་ནས་གུས་བསུའི་མཇལ་དར་སྒྲོན་འབུལ་དང་བཅས་གྲོང་ཁྱེར་བྷ་སེལ་ཕྱོགས་སུ་ཆིབས་ཞལ་བསྒྱུར།
ཚོུད་ ༠༩།༡༠ ཡས་མས་སུ་བྷ་སེལ་གྲོང་ཁྱེར་གི་བཞུགས་གནས་མགྲོན་ཁང་དུ་བོད་རིགས་ཡོང་ནས་དར་དཀར་མེ་ཏོག་སྤོས་སྣེ་ཀྱི་སེར་སྒྲེང་ཕེབས་བསུ་དང་བཅས།སྦ་སེལ་བཞུགས་གནས་མགྲོན་ཁང་དུ་ཞབས་སོར་བསྐྱངས་སྐབས་རྟེན་བྱུང་གྲོ་གསོ་ཕྱེ་མར་དང་ཆང་ཕུད།བཀྲིས་པའི་ཞབས་གཞས་དང་གླུ་གཞས་ལྷན་དུ་མི་མང་རྣམས་ལ་ཞལ་མཇལ་གནང་བ་དང་།མི་མང་རྣམས་ཀྱང་ཡིད་ཚིམས་པའི་ངང་དགའ་བའི་འཆི་མ་གཏོང་བཞིན་མགྲོན་ཁང་ནང་ཕེབས་སྐྱེས་ཞུས་གནང་སོང་།དེ་རྗེས་ཡུན་རིང་བར་དུ་མི་མང་རྣམས་ནས་མགྲོན་ཁང་རྭ་བའི་ཕྱི་རུ་བསྟོད་གླུ་ཕུལ་བ་དང་།དགའ་དད་སྤྲོ་གསུམ་ངང་ཞབས་བྲོ་སྐྱོན་ཏེ་བཞུགས་བ་སོགས་གང་ཅིའི་ཐད་ཕེབས་བསུ་ཧ་ལས་པའི་རྟེན་འབྲེལ་བཟང་པོའི་ངང་འཇུག་སྒྲིལ་གནང་།བསྟན་འཛིན་སྙིང་པོས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།