སྦ་སལ་བོད་རིགས་མི་མང་གི་ཚེ་དཔག་མེད་ཀྱི་གཟུགས་སྔགས་བསོགས་སྒྲུབ་ཞུས་པའི་གནས་བསྡུས།

སྤྱི་ལོ་ ༢༠༡༢  ཟླ་བ་    ཚེས་  ༢༥  ནས་བོད་མི་མང་དམིགས་བསལ་ཚོགས་ཚེན་ཐེངས་གཉིས་པ་དང་སྟབས་བསྟུན་ཕྱི་ཚེས་ ༢༨ ཉིན་༧གོང་༧སྐྱབས་མགོན་ཆེན་པོ་མཆོག་ལ་བོད་རིགས་མི་མང་གིས་བརྟན་བཞུགས་རྒྱས་པ་ཞིག་འབུལ་རྒྱུ་དང་། བོད་རིགས་ཡོངས་ཀྱིས་༧གོང་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གསང་བ་གསུམ་ལ་བགེག་དང་བར་ཆད་ཕྲ་མོ་ཙམ་ཡང་མི་ཡོང་སླད། གཞུང་དམངས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས། བོད་རིགས་ཡོངས་ཀྱིས་ཚེ་དཔག་མེད་ཀྱི་གཟུངས་སྔགས་གསོག་སྒྲུབ་ཡོང་བའི་ འབོད་བསྐུལ་ཞུས་པ་བཞིན། ཕྱི་ལོ་ ༢༠༡༢ ཟླ་ ༩་ཚེས་༢༣ ཉིན་སྦ་སལ་བོད་རིགས་མི་མང་མི་གྲངས་༦༠ ལྷག་ལྷན་འཛོམས་ཀྱིས་༧གོང་ས་མཆོག་གི་སྐུ་ཚེ་ཞབས་པད་བརྟེན་པའི་ཆེད་དུ་ཚེ་དཔག་མེད་ཀྱི་གཟུངས་སྔགས་བསོགས་བསྒྲུབས་དང་། བོད་བསྟན་པ་ཆབས་སྲིད་ཀྱི་དོན་དུ་སྐུ་ལུས་ཞུགས་སུ་ཕུལ་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཆེད་དུ་མཆོད་འབུལ་སྨོན་ལམ་ཞུས་པ་བཅས་ཀྱི་གནས་བསྡུས་སུ།

སྦ་སལ་བོད་རིགས་ཚོགས་པ་ནས་ཕྱི་ལོ་ ༢༠༡༢ ཟླ་ ཚེས ༢༣ ཉིན་ལ་ཕུལ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 1 སྡོམས་རོགས།