སྦ་སལ་བོད་རིགས་ཚོགས་ཆུང་མི་གྲངས་༦༠ ལྷག་ལ་མཁན་རིན་པོ་ཆེ་ནས་བཀའ་སློབ་གནང་བ།

༢༠༡༤ ཕྱི་ཟླ་ ༡༠ ཚེས་༡༡ ཉིན་ས་གནས་སྦ་སལ་བོད་རིགས་ཚོགས་ཆུང་གི་གོ་སྒྲིག་འོག་རི་ཀོན་ཆོས་འཁོར་དགོན་དུ་མཁན་རིན་པོ་ཆེ་དགེ་བཤེས་ཐུབ་བསྟན་སྨོན་ལམ་མཆོག་གིས་སྦ་སལ་བོད་ཡིག་སློབ་གྲྭ་དང་ཟློས་གར་སློབ་ཕྲུག་ཕ་མ་བཅས་མི་གྲངས་༦༠ ལྷག་ལ་བོད་ཀྱི་སྐད་ཡིག་གི་གལ་ཆེའི་རང་བཞིན་དང་། ཡ་རབས་སྤྱོད་བཟང་། ནང་ཆོས་ཀྱི་གཞི་རྩའི་ཤེས་བྱ་བཅས་ཀྱི་ཐོག་ལམ་སྟོན་བཀའ་སློབ་གནང་བ་དང་། ང་ཚོ་ཚོགས་བཅར་བ་ཚང་མས་དགོན་པར་མཆོད་མཇལ་དང་མཆོད་རྟེན་ལ་ཕྱག་སྐོར་སོགས་ཞུས་ཏེ་རེས་གཟའ་སྤེན་པ་དེ་བཞིན་སེམས་ཁམས་སྤྲོ་ཞིང་ལྷིང་འཇགས་ངང་དབེན་དགོན་འདི་མཇལ་བའི་བསྐལ་བཟང་བྱུང་། ས་འཐུས་མགོན་པོ་རྡོ་རྗེ་ཚང་ཟླ་བ་ནས་ཕུལ།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 9 སྡོམས་རོགས།