སྦེན་ཚོགས་ཆུང་ནས་ས་གནས་བོད་རིགས་མི་མང་ལ་ནང་ཆོས་ངོ་སྤྲོད།

༸རྒྱལ་མཆོག་ཡབ་སྲས་སྐུ་ཚེ་རབ་བརྟན་ཅིང་།།
བཞེད་དོན་བསོད་ནམས་ཞིང་སར་ཤོང་བ་དང་།།
བོད་མིའི་སྤྱི་མཐུན་བསོད་ནམས་འཕེལ་གྱུར་ཏེ།།
འཛིན་སྐྱོང་གཅིག་གི་རང་སྐྱོང་མྱུར་ཐོབ་ཤོག།།

ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༣ བོད་ཟླ་ ༩ ཚེས་ ༦ ཉིན།  ༸དགའ་ཁྲི་ཐོག་བརྒྱ་དང་གསུམ་པ་དངོས་སུ་ཁྲི་སྟོན་གནང་བའི་ཉིན་དང་༸གོང་ས་ཐམས་ཅད་མཁྱེན་པའི་སྲས་ཀྱི་ཐུ་བོ།     དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཀྱི་གཞི་གདན་སྲ་བརྟན་འདིང་མཁན།  ཆབ་སྲིད་དང་འཛིན་སྐྱོང་།  ཁྲིམས་ལུགས།         ཕྱི་ནང་ཤེས་རིག་སྣ་མང་ལག་མཐིལ་གྱི་རི་མོ་ལྟར་རྟོགས་པའི་༸སློབ་དཔོན་ཆེན་པོ་མཁས་དབང་ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་གྱི་ཉིན་ས་གནས་སྦེན་ཚོགས་ཆུང་ནས་ས་གནས་བོད་རིགས་མི་མང་ལ་ནང་ཆོས་ངོ་སྤྲོད་དང་། བོད་དོན་སློབ་གསོའི་ལས་རིམ་ཞིག་གོ་སྒྲིག་ཞུས། དེའི་ཉིན་སུད་སི་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་གིས་ན་གཞོན་ཚོས་གཙོས་པའི་བོད་རིགས་ཡོད་དོ་ཅོག་ཚང་མས་ཕ་མེས་ནས་ཡོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་མི་ཉམས་གོང་འཕེལ་དང་། ལྷག་པར་ཉིན་རེ་དང་ཁྱིམ་ཚང་གི་བྱ་བཞག་ནས་ཐུགས་སྣང་དང་གང་གཟབ་བྱ་དགོས་སོགས་ཀྱི་བཀའ་སློབ་ཟབ་རྒྱས་གནང་། དེ་རྗེས་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨོན་མཆོག་ནས་བོད་ཀྱི་ནང་ཆོས་གལ་གནད་ཆེ་བའི་སྐོར་གསུངས་དོན། བོད་རིགས་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་སུད་སིར་བཀའ་སློབ་གནང་བ་ལྟར་ཚང་མས་ཆོས་ལ་ངེས་ཤེས་རྙེད་ནས་དད་པ་དང་ཆོས་ཉམས་ལེན། དེ་ཞིན་སྐྱབས་གསུམ་ལ་དད་པ་དང་ཡིད་ཆེས་ཡོད་པ་བཞིན་ལས་འབྲས་ལ་ཡང་དེ་མཚུངས་དགོས་གལ་ཆེ་བ་སོགས་ཀྱི་ནང་ཆོས་ངོ་སྤྲོད་རྒྱས་པ་གནང་། ཚོགས་བཅར་བ་མི་གྲངས་ཆེས་ཉུང་ཤས་ལས་མེད་ནའང་དྲི་བ་དྲི་ལན་གྱི་གོ་སྐབས་ཕུལ་ས་གནས་མི་མང་ལ་འཐུས་མི་རྒྱུན་ལས་ནས་ཕྱི་ཟླ་༥ནས་ནང་ཆོས་ངོ་སྤད་དང་བོད་དོན་སློབ་གསོ་ཡི་ལས་འཆར་ཡོད་པ་བཞིན་རང་སོ་སོའི་ལས་ཀ་བྱེད་ས་ནས་འདོད་མོས་དགོངས་ཞུ་བྱེད་རོགས་ཞུས་ན་ཡང་བློ་ཕམ་གྱི་གནས་ཚུལ་ཞིག་ལ་མི་མང་ཉུང་ཤས་ལས་ཕེབས་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ། ས་གནས་སྦེན་ཚོགས་ཆུང་གི་འཐུས་མི་རྒྱུན་ལས་ཐོུང་ནས་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༦ ཉིན།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 6 སྡོམས་རོགས།