ཨར་གྷའོ་ཚོགས་ཆུང་གིས་༸གོང་ས་མཆོག་གི་སྐུ་ཕྱྭའི་ཞབས་རིམ་ཞུས་པ།

དབུས་བོད་མིའི་སྒྲིག་འཛུགས་ནས་བཀའ་ཡིག་གནང་དོན་བཞིན་། འདི་ལོའི་ཟླ་བ་ ༡༡ ཚེས་ ༠༢ ཉིན་ས་གནས་ཨར་གྷའོ་ཚོགས་ཆུང་མི་མང་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བརྒྱར་བརྟན་ཅིང་མཛད་འཕྲིན་ལྷུན་གྱིས་གྲུབ་པའི་གསོལ་བ་རྩེ་གཅིག་ཏུ་འདེབས་པའི་ཞབས་རིམ་སྐྱབས་འགྲོ་སེམས་བསྐྱེད་དང་ཚེ་གཟུངས་འཕགས་བསྟོད། ཤེས་རབ་སྙིང་པོ། དེ་བཞིན་གུ་རུའི་གཟུངས་སྔགས་བཅས་གསོག་བསྒྲུབ་ལེགས་པར་ཞུས་ཡོད་པ་དང་། དེ་ཉིན་མི་མང་བརྒྱ་ལྷག་མཉམ་ཞུགས་ཐོག་ཉིན་དགུང་གསོལ་ཚིགས་རྒྱས་པ་ཞིག་དང་བཅས་ས་གནས་མི་མང་རྣམས་ཡིད་ཚིམ་པའི་ཐོག་འཇུག་སྒྲིལ་གནང་ཡོད།བསྟན་འཛིན་སྙིང་པོའི།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 3 སྡོམས་རོགས།