སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ས་གནས་ཪི་ཀོན་བོད་ཡིག་སློབ་གྲྭའི་ལོ་འཁོར་ཡིག་ཚད།

རི་ཀོན་ཚོགས་ཆུང་བོད་ཡིག་གྲྭའི་འགན་འཛིན་དགའ་ཞི་ཐུབ་བསྟན་ལགས་དང་བོད་དགེ་བྱམས་པ་ལགས་གཉིས་ནས་ལོ་འཁོར་ཡིག་ཚད་ ༢༠༡༡་༠༢་༡༣ ཉིན་བཏང་ཡོད་པ་རེད། རི་ཀོན་བོད་ཡིག་སློབ་གྲྭར་སློབ་ཕྲུག་ཁྱོན་བསྡོམས་ཉི་ཤུ་རྩ་གཅིག་ཡོད་པ་དང་། སློབ་ཕྲུག་ཉེར་གཅིག་རྣམས་ནས་འཁྱུག་ཡིག་དང་། དབུ་ཅན། དེ་བཞིན་དབུ་མེད་བཅས་སྦྱང་གི་ཡོད་པ་རེད། ཡིག་གེ་འདྲ་མིན་སྦྱང་གི་ཡོད་པ་ནི་གཤམ་གི་འདྲ་པར་ཐོག་ནས་ཤེས་རྟོགས་ཡོང་རྒྱུ་དང་དེ་བཞིན་འབྲི་རྒྱུགས་དང་ཀློག་རྒྱུགས་ཞུ་དག་བྱེད་མཁན་སློབ་དགེ་ཟུར་པ་རྒན་ཆོས་མཛད་ལགས་དང་བྱང་ཆུབ་ལགས་གཉིས་ནས་གནང་གི་ཡོད་པའང་འདྲ་པར་ནས་མཁྱེན་རྟོགས་ཡོང་རྒྱུ་ཡིན། དེ་བཞིན་ས་གནས་ཚོགས་ཆུང་གི་མི་འཐུས་གཉིས་ཟུར་དཔང་གི་ཚུལ་དུ་ཡིག་ཚད་སྐབས་ས་གནས་ཚོགས་ཆུང་གི་སྒྲིག་གཞི་ལྟར་གཟིགས་རྟོག་ཆེད་ཕེབས་ཀྱི་ཡོད། ཡིག་ཚད་ཨང་རིམ་དང་གཉིས་ཀྱི་རྔན་པ་ལོ་གསར་སྐབས་གནང་གི་ཡོད་པ་རེད། འབྲི་ཀློག་ཨང་དང་པོར་སྒོར་ལྔ་བཅུ། ཨང་གཉིས་པར་སྒོར་བཞི་བཅུ་ཞེ་ལྔ། ཨང་གསུམ་པར་སྒོར་བཞི་བཅུ་བཅས་གསོལ་རས་གནང་པ་དང་། ལོ་གསར་སྐབས་
ཚོགས་ཆུང་གི་མིང་ཐོག་ནས་ཀྱང་བོད་ཡིག་སློབ་གྲྭ་འགྲོ་མཁན་གྱི་སློབ་ཕྲུག་ཚོར་རྔན་པ་སྒོར་ཉི་ཤུ་དང་མཇལ་དར་རེ་གནང་གསོལ་ཡང་ཡོད་པ་རེད།
འདྲ་པར་་ འདྲ་པར་་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 8 སྡོམས་རོགས།