ངོས་ཀྱི་མི་ཚེའི་ནང་བོད་དོན་བདེན་མཐའ་སེལ་ཐུབ་པའི་གདེང་ཚོད་ཡོད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༢ཚེས་༡༩ཉིན། ༧གོང་ས་མཆོག་གིས་རྒྱ་ནག་ནང་གི་འགྱུར་ལྡོག་དང་རྒྱ་ནག་མི་མང་གིས་རྒྱབ་སྐྱོར་ལ་བལྟས་ན། ངོས་ཀྱི་མི་ཚེའི་ནང་བོད་དོན་བདེན་མཐའ་སེལ་ཐུབ་པའི་རེ་བ་དང་ཡིད་ཆེས་གཏན་པོ་ཡོད་ཅེས་གསུངས་འདུག
ཁ་སང་རེས་གཟའ་པ་སངས་ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་མུམ་བྷེའི་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་དུ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སློབ་ཕྲུག་ཞིག་གིས། བོད་དོན་སྐོར་བཀའ་འདྲི་ཞུས་སྐབས། ༧གོང་ས་མཆོག་གིས་ཡིན་ད་ཡིན་གཅིག་ནི་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་དང༌། གཉིས་ནི་བོད་དོན་ཐོག་རྒྱབ་སྐྱོར་བྱེད་མཁན་རྒྱ་ནག་མི་མང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། དེར་བརྟེན་བོད་དོན་དེ་ངོས་ཀྱི་མི་ཚེའི་ནང་སེལ་ཐུབ་པའི་གདེང་ཚོད་ཆེན་པོ་ཡོད་ཅེས་བཀའ་གནང་འདུག
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།