ས་ར་ཟླ་བ་རྒྱལ་མཚན་ལགས་ཇི་ནེ་ཝ་རྒྱལ་སྤྱིའི་མདུན་ཐང་དུ་ལོ་གཅིག་རིང་ཞི་རྒོལ་གནང་རྒྱུ།

ས་གནས་གྷེ་ལ་རུ་སི་ཚོགས་ཆུང་ནས་ཡིན་པ་ས་ར་ཟླ་བ་རྒྱལ་མཚན་ལགས་ཇི་ནེ་ཝ་རྒྱལ་སྤྱིའི་མདུན་དུ་ཐང་ཆུང་ཞིག་ནང་རྐུབ་སྟེགས་རྐྱོན་ཅན་འོག་ཏུ་གསུམ་བཅུའི་དུས་དྲན་ཐེངས་ ༥༢ ནས་འགོ་བཙུག་ནས་ལོ་གཅིག་བར་ཟླ་རེ་ཚེས་ ༡༠ ཉིན་གཅིག་རིང་ལ་གདུང་སེམས་མཉམ་སྐྱེད་དང་མཉམ་དུ་སྒྲོག་པ་རྣམ་པ་རྐྱང་ཕྱག་དང་ས་ཡིག་བསྡུ་རུབ་དང་ཡིག་འགྲེམས་གནང་བ་དང་། ཁོང་གི་ཡིག་ཆའི་ནང་རེ་འདུན་གཙོ་བོ་གཤམ་གསལ་དོན་ཁག་བཞི་ལ་རྒྱལ་སྤྱི་ནས་ངོས་ལེན་དང་ལག་བསྟར་དགོས་པ་སྐོར།
༸སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་མཆོག་རྒྱ་ནག་ཏུ་རི་བོ་རྩེ་ལྔ་རུ་གནས་མཇལ་དུ་གདན་འདྲེན་ཞུ་རྒྱུ།
གངས་ལྗོངས་ཀྱི་བླ་ཆེན་གཉིས་པ་པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེ་དགུང་ལོ་དྲུག་ནས་འཛིན་བཟུང་གིས་ད་ལྟ་བར་ནང་བཙོན་དུ་བཞག་ཡོད་པས་མྱུར་དུ་གློད་གྲོལ་དགོས་པ།
བོད་ནང་རྡུལ་ཕྲན་ཚོན་བྱའི་གད་སྙིགས་རིགས་འོར་འདྲེན་མཚམས་འཇོག་དང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པ།
བོད་ནང་བཙོན་ཁང་དུ་བོད་མི་མང་པོ་དོན་མེད་ནག་ཉེས་མེད་པ་འཛིན་བཟུང་བྱེད་པ་རྣམས་མྱུར་དུ་གློད་གྲོལ་དགོས་པ་བཅས་ཡིན།
ཁོང་གི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བན་ཀི་མུན་ལ་སྙན་ཞུ་ཕུལ་བའི་ངོ་བཤུས་ཕྱི་རྒྱལ་ཡུལ་མི་རྣམས་ལ་འགྲེམས་སྤེལ་གང་མང་གནང་འདུག དེའི་ཉིན་རྒྱ་མི་རིགས་སྤྲོ་འཆམ་པ་མང་པོ་སླེབས་འདུག་པས་ཁ་ཤས་ཀྱི་པར་རྒྱབ་པ་དང་ཁ་ཤས་ཀྱི་བལྟས་མོ་བལྟ་བ་གང་ལྟར་དྲིལ་བསྒྲགས་ཡག་པོ་བྱུང་སོང་བའི་གནས་ཚུལ། ། འདྲ་པར་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 1 སྡོམས་རོགས།