བོད་མི་མང་སྤྱི་འཐུན་ལྷན་ཚོགས་ཀྱི་དྲ་རྒྱ་གསར་པ་དབུ་འབྱེད་གནང་བ།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༤ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་སྐབས་བཅུ་གཅིག་པ་དབུ་འཛུགས་གནང་བ་དང་སྦྲགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱ་གསར་པ་ཞིག་བཟོས་ཡོད་པ་དེ་ཡང་ཟུར་དུ་སྒོ་འབྱེད་བྱེད་མ་དགོས་པར་ཚོགས་གཙོའི་དབུ་འཛུགས་གསུང་བཤད་དང་སྦྲགས་དབུ་འབྱེད་གནང་ཡོད། དེ་ཡང་དྲ་རྒྱ་དེ་བརྒྱུད་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ལས་དོན་ག་རེ་གནང་གི་ཡོད་པ་རྣམས་གསལ་སྟོན་དང༌། ལྷག་པར་དུ་གྲོས་ཚོགས་ཀྱི་ལས་རིམ་དེ་དག་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་དྲ་བརྙན་བརྒྱུད་ནས་རྒྱལ་སྤྱིའི་ནང་གཟིགས་ཐུབ་པའི་ཆ་རྐྱེན་སྐྲུན་ཡོད་པ་མ་ཟད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱ་འདི་བརྒྱུད་ནས་ཀྱང་གསན་ཐུབ་པའི་མཐུན་རྐྱེན་སྦྱར་ཡོད། གཞན་ཡང་དྲ་རྒྱ་འདི་ནི་སྡེ་ཚན་ཆེ་ཁག་བཅུ་ཙམ་ལ་དབྱེ་ཡོད་པ་གཤམ་གསལ། མདུན་ཤོག་དང། སྤྱི་ལྷན་ངོ་སྤྲོད། ཁྲིམས་སྒྲིག་ཁག ལས་རིམ་གསར་ཤོག གསུང་འཕྲིན་ཁག ཡིག་མཛོད། ང་ཚོར་འབྲེལ་གཏུགས། བྱེད་སྒོའི་གསར་འཕྲིན། པར་རིས་གནས་ཚུལ། གསལ་བསྒྲགས། བཅས་ཡིན་འདུག དྲ་རྒྱ་གསར་པ་འདིའི་ཞལ་བྱང་ནི་  www.chithu.org    དང་། ཡང་ན་ www.tibetanparliament.org བརྒྱུད་ནས་གཟིགས་ཐུབ་ཀྱི་ཡོད་པ་བཅས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 9 སྡོམས་རོགས།