༄༅།། སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་ས་གནས་ཚོགས་ཆུང་ཁག
༄༅།། སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་སྒྲིག་འཛུགས་འོག་ས་གནས་ཚོགས་ཆུང་ཁག །ས་གནས་ཆེ་ཆུང་ལ་གཞིགས་པའི་འཐུས་མི་གཅིག་ནས་གཉིས་བར་ས་གནས་སོ་སོའི་མི་མང་ནས་ས་གནས་འོས་འདུ་ལྷན་ཁང་གི་ཚོགས་མི་གདན་ཞུ་གནང་སྟེ་འོས་འདེམས་གནང་བཞིན་ཡོད་པ་དང། འཐུས་མི་རྣམ་པའི་དུས་ཡུན་ལོ་གསུམ་རེ་ཡིན་པ་མ་ཟད་དོ་བདག་ནས་མོས་མཐུན་ཡོད་ཚེ་བསྐྱར་འདེམས་བྱས་ཆོག་པ་ཡིན། བོད་ལྗོངས་མང་གཙོའི་དུས་དྲན་གོང་ནས་མི་འཐུས་ཁག་གཏན་འབེབས་ཟིན་དགོས་པ་དང་དུས་དྲན་གྱི་ཉིན་མི་འཐུས་གསར་པ་རྣམས་མང་ཚོགས་ལ་ངོ་སྤྲོད་ཞུས་པ་དང་བཀྲ་ཤིས་མཇལ་དར་བཅས་འབུལ་སྲོལ་ཡོད་པ་རེད། འོས་འདེམས་བྱས་པའི་མི་འཐུས་ནང་ནས་མི་མང་གི་ཚོགས་གཙོ་དང་ཚོགས་གཞོན་དེ་བཞིན་རྒྱུན་ལས་ཁག་བཅས་པ་མི་འཐུས་ནང་ཁུངས་ནས་འོས་འདེམས་གནང་གི་ཡོད། ལོ་དུས་གསུམ་རིང་མི་འཐུས་རྣམ་པ་མི་མང་གི་སྒྲིག་གཞི་གཞིར་བཟུང་ཟླ་རེར་ས་གནས་མི་མང་གི་ལས་ཁུངས་སམ་ཚོགས་ཁང་ནང་ཚོགས་འཛོམས་ཀྱི་ས་གནས་ཀྱི་འཛིན་སྐྱོང་དང་ཁྲིམས་བཟོའི་ལས་འགན་དུས་ཀྱི་དགོས་མཁོར་གཞིགས་ཏེ་གྲུབ་ཀྱི་ཡོད། ཕྱི་ཟླ་གཉིས་པ་དང་ཕྱི་ཟླ་དགུ་པའི་ནང་ས་གནས་འཐུས་མིའི་ཚོགས་འདུའི་ཚོགས་འདུ་འཚོག་བཞིན་ཡོད་པ་རེད། ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་དང་རང་གཞུང་གི་ཕེབས་སྒོ་ཁག དེ་བཞིན་མི་མང་གི་ལོ་རེའི་དུས་དྲན་དང་དུས་ཆེན་གལ་ཆེ་ཁག་གི་བྱ་སྒོ་རྣམ་གཞག་བཅས་པར་ས་གནས་ཚོགས་ཆུང་ཁག་གི་མི་འཐུས་རྣམས་ནས་འགན་འཁུར་དང་ལས་བགོས་སོགས་རྒྱབ་ནས་ས་གནས་སོ་སོའི་མི་མང་ནས་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་སྒྲིག་འཛུགས་འདིའི་འོག་གུང་བུ་གཅིག་བསྒྲིལ་གྱི་ལས་དོན་དུ་ཞུགས་ཀྱི་ཡོད་པ་རེད།
རྒྱས་པ་མི་མང་གི་ལོ་རྒྱུས་ནང་གཟིགས་གནང་ཞུ།།
གཤམ་དུ་ཚོགས་ཆུང་ཁག་གི་མཚན་དང་མི་འབོར་གྲངས་ ཕྱི་ལོ ༢༠༡༠ ཟླ་བ་༡༢ ཚེས ༡༠ བར༌ཁ་གསལ་བཀོད་ཡོད།
སུད་སི་ས་གནས་ཚོགས་ཆུང་ཁག
སོ་ལོ་ཏོན། | |||||
སྦེརན། | |||||
སྦ་སེལ། | |||||
ཕི་ལཱ་ཝིལ། | |||||
གྷི་ལཱ་རུ་སི། | |||||
ཧོར་གྷན། | |||||
ལེཀ་ཊེན་སྤྲཡན། | |||||
མུན་ཁུ་ཝིལ། | |||||
ཨོ་ཏི་ཝིལ། | |||||
ར་པརསི་ཝིལ། | |||||
རི་ཀོན། | |||||
རུ་ཏི། | |||||
ཊོ་རོ་གྷན།/སང་གྷ་ལེན། | |||||
ལང་ཁོ་ཊི། | |||||
ལའོ་སན། | |||||
ཨུ་ཛི་ནག/ཝཏི་ཝིལ། | |||||
ཕོ་ཁེདསི་ཝིལ། | |||||
འཛུ་རིག | |||||
ཐུར་བྷན་ཐལ། | |||||
ཝེ་ལྡནསི་ཝིལ། | |||||
ཨར་གྷའོ། | |||||
ལུ་ཛེརན། | |||||
ཆོས་འཁོར་དགོན། | |||||
འཇི་ནི་ཝ། | |||||
ས་མ་དན། | |||||
ཝལ་སི་ཀྲཏ། |