སྦ་སལ་ས་གནས་ཚོགས་ཆུང་།

བོད་མིའི་རྩ་དོན་སྙིང་བཅངས་ཀྱིས་ཐིགས་བསགས་རྒྱ་མཚོ་ད་ལྟའི་སྦ་སལ་ཚོགས་ཆུང་འདི་ ༡༩༨༨ལོར་སྦ་སལ་མངའ་ཁུལ་གྱི་བོད་རིགས་ཁ་འཐོར་བ་རྣམས་གང་མང་མཉམ་འཛོམས་ཡོང་ཐབས་དང༌། བོད་སྐད་ལ་བེད་སྤྱོད་དང་རིགས་གཞུང་ལ་དོ་སྣང་ཡོང་ཐབས། རིམས་པས་སུད་སི་བོད་རིགས་མི་མང་གི་ས་གནས་ཚོགས་ཆུང་ཞིག་ཆགས་ཐབས་ཀྱི་དམིགས་ཡུལ་གཙོ་བོ་བྱེད་ནས་སྐབས་དེར་
༼སྦ་སལ་བོས་རིགས་མཐུན་ཚོགས་༽ ཞེས་མཐུན་པ་སྤུན་བཞིའི་ལས་རྟགས་ཅན་འདི་ཚུགས། དེ་ནས་སུད་སིའི་མངའ་སྡེ་ སྐྱྔ་ སྐྱརྒ་ རྐྱག་ ྔསྒྲ་ གྕ དང་ཉེ་འཁོར་མཇར་མན་ནང་བོད་རིགས་གང་རྙེད་ལ་འབྲེལ་བ་ཞུས་ནས་གང་ཙམ་མཉམ་འཛོམས་བྱེད་ཡོད། དེ་ནས་ལོ་ལྟར་ལོ་གསར་དང་དབྱར་བསྐྱིད། ས་ཟླའི་དུས་ཆེན་སོགས་གཏོང་རྒྱུའི་ལམ་སྲོལ་ཆགས། མ་ཟད་བོད་རིགས་ནང་ཁུལ་གཅིག་ཕན་གཅིག་གྲོགས་ཀྱི་ཁེ་ཕན་ཡང་ཡོང་བཞིན་ཡོད། སྐབས་དེའི་སུད་སི་བོད་ཀྱི་དོན་གཅོད་མཆོག་ལ་འབྲེལ་བ་ཞུས་ནས་བཙན་བྱོལ་བོད་མིའི་དཔྱ་ཁྲལ་བསྡུ་བསྒྲུབ་ཞུ་སྐབས་ཕུལ་མཁན་མང་དུ་ཕྱིན་ཡོད། འདི་ཁུལ་བོད་རིགས་བོད་སྐད་མི་མཁྱེན་མང་བ་དང༌། ཕལ་ཆེ་བ་འདིའི་ཡུལ་མི་དང་གཉེན་སྒྲིག་གནང་བ་ཡིན་རྐྱེན་གནས་སྐབས་ས་གནས་ཚོགས་ཆུང་ཁག་པོ་ཡིན་དུས་ ༡༩༨༩ དང་ ༡༩༩༦ལོར་སུད་སི་བོད་རིགས་མི་མང་གི་ཚོགས་གཙོ་མཆོག་ལ་སྦ་སལ་བོད་རིགས་མཐུན་ཚོགས་ཀྱི་གནས་ཚུལ་ཁ་གསལ་ཕུལ་ནས་ང་ཚོར་ཤེས་འོས་དྲིལ་སྒྲགས་ཁག་གནང་རོགས་ཞུས་པར་བཀའ་ལེན་རྩ་བ་ནས་མ་བྱུང་བར་ལུས། ཡིནའི་གྲོང་འཁྱེར་འདིའི་ནང་བོད་དོན་ལས་འགུལ་སྤེལ་འོས་རིགས་དང༌། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་རེ་འདུན་གནང་བར་ཕྱག་རོགས་དང་རྒྱ་གར་སོགས་ལ་དཔལ་འབྱོར་རྒྱབ་སྐྱོར་གང་ཐུབ་ཞུས་ཡོད། ༢༠༠༡ ནས་ས་གནས་ཚོགས་ཆུང་གཞན་དང་མཉམ་པའི་ལས་ཁུར་ཞུ་ཐུབ་མེད་ནའང་དམིགས་གསལ་ཞུས་པ་ལྟར་གནང་ནས་ས་གནས་སྦ་སལ་ཚོགས་ཆུང་ཆགས། ཡིནའི་བོད་རིགས་ཁ་འཐོར་དཔྱ་ཁྲལ་མི་ཕུལ་མཁན་སོགས་དང་འབྲེལ་བ་མུ་ཐུད་བསྡོད་ཆེད། སྦ་སེལ་བོད་རིགས་མཐུན་ཚོགས། ཞེས་མིང་གཉིས་ཐོག་གནས། ༢༠༠༡ ལོར་སྦ་སལ་བོད་རིགས་མཐུན་ཚོགས་ཀྱི་སྒྲིག་གཞི་མང་ཚོགས་ནས་མོས་མཐུད་གཏན་འབེབས་གནང༌།། ས་གནས་སྦ་སལ་ཚོགས༌། སྦ་སལ་བོད་རིགས་མཐུན་ཚོགས་ཀྱིས་༢༠༠༣ ཟླ་༡༢ ཚེས་༡༠ བོད་རྒྱལ་ལོ་༢༡༣༠ སྨིན་ཟླའི་ཚེས་༡༧ལ།། །།