ཕྱི་ཟླ་ ༧ – ༢༠༢༦
ལྷར་བཅས་སྲིད་ཞིའི་གཙུག་རྒྱན་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་དགུ་བཅུ་གོ་གཅིག་ལ་ཕེབས་པའི་༸འཁྲུངས་ལྷ་དབྱར་གསོལ་གྱི་དུས་བཟང་།
༄༅།། སྤྱི་ལོ་ ༢༠༢༦ ཟླ་༠༧ ཚེས་ ༡༡ ཉིན་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གིས་གོ་སྒྲིག་འོག་བོད་མིའི་མགོན་སྐྱབས་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཐམས་ཅད་མཁྱེན་པ་༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་དགུ་བཅུ་གོ་གཅིག་ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་གྱི་འཁྲུངས་ལྷ་དབྱར་གསོལ་གཟབ་རྒྱས་སྲུང་གཙི་བྱས་སོང་།